ཝང་ཅན་ཅུན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཚད་ལྡན་ཡིག་ཚགས་འགྲེམ་སྟོན་ལ་བལྟས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་དང་བློ་མཐུན་རྒན་པ་འགས་མཉམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཚད་ལྡན་ཡིག་ཚགས་འགྲེམ་སྟོན་ལ་བལྟས་པར་མ་ཟད། ལོ་རྒྱུས་ལ་བརྩི་མཐོང་བྱེད་པ་དང་དངོས་ཡོད་ལ་གོ་བ་ཡང་དག་ལེན་པ། མ་འོངས་གསར་གཏོད་བྱེད་པ་བཅས་ཀྱི་བརྗོད་དོན་དཀྱིལ་སྙིང་དུ་བཟུང་ནས་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། བློ་མཐུན་རྒན་པ་སངས་རྒྱས་སྐྱབས། ཀྲུང་དབྱང་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པ། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧུང་ཐའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཝང་ཞའོ་ཡུང་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།

ཝང་ཅན་ཅུན་དང་ལིག་ཉིང་། སངས་རྒྱས་སྐྱབས་སོགས་འགྲེན་སྟོན་ཁང་དུ་འབྱོར་ནས། བཀོད་སྒྲིག་ཞིབ་ཚགས་བྱས་པའི་འགྲེམ་སྟོན་ཁང་ནས་འགྲེམ་སྟོན་ལ་བལྟས་ཏེ། འབྲེལ་ཡོད་ལས་བྱེད་པའི་སྒྲོག་འགྲེལ་ལ་ཞིབ་ཉན་བྱས།

ཝང་ཅན་ཅུན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་དུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ནི་ཕན་ཚུན་དམ་པོར་འབྲེལ་ཡོད་ཅིང་། ང་ཚོ་ཏང་གི་འདས་ཟིན་པའི་འཐབ་རྩོད་ལ་གོ་བ་ཡང་དག་བླངས་པ་ཡིན་ན། གཞི་ནས་དེ་རིང་གི་དངོས་ཡོད་བྱ་བ་བཟང་བོར་བསྒྲུབ་ཐུབ་ལ། སང་ཉིན་གྱི་འོས་འགན་གསར་བ་ཕྲག་སྟེང་དུ་ལེན་ཐུབ་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མ་འོངས་པར་ཕྱོགས་ཐུབ་ཅེས་གདམས་པ་ནི། ལོ་རྒྱུས་ལ་བརྩི་མཐོང་བྱེད་པ་དང་དངོས་ཡོད་ལ་གོ་བ་མ་ནོར་བ་ལེན་པ། མ་འོངས་གསར་གཏོད་བྱེད་པ་བཅས་དགོངས་དོན་བསམ་གཞིགས་ཀྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ཅིག་ཡིན། ཚད་ལྡན་ཡིག་ཚགས་འགྲེམ་སྟོན་ལ་བལྟ་རྒྱུ་ནི་བརྗོད་དོན་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་གཤིས་སློབ་གསོ་གཏིང་ཟབ་ཅན་ཞིག་དང་ཏང་གི་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག བསམ་བློ་གཙང་མ་བཟོ་བ། རིགས་ལམ་གཙང་བཅོས་བྱེད་པ། སད་རྟོགས་འབྱུང་བར་བྱེད་པ་བཅས་ཀྱི་ལས་སྒོ་གལ་ཆེན་ཞིག་ཡིན་པས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་རླབས་ཆེན་དང་གཟི་བརྗིད། ཡང་དག་བཅས་ཉམས་སུ་མྱངས་ནས། འགོ་ཁྲིད་ཀྱི་བློ་རྩ་དང་མིག་རྒྱང་རིང་བོ། མཁས་མཛངས་ཀྱི་ཆ་བཅས་ལ་མྱོང་རྟོགས་ཐུབ་པར་མ་ཟད། མི་དམངས་ཀྱི་ལས་བརྩོན་དང་བབ་ཆགས། འབད་འཐབ་བཅས་ཀྱང་ཞོར་ལ་རྟོགས་ཐུབ་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།