ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་རིམས་འགོག་སྨན་ཁབ་དོ་དམ་ལམ་ལུགས་དང་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་ལ་གྲ་སྒྲིག་བྱེད་པ། གཞུང་ལམ་སྟེང་ནས་ལམ་ཁྲལ་བསྡུ་བའི་ལམ་ལུགས་བཅོས་སྒྱུར་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། རིམས་འགོག་སྨན་ཁབ་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཐད་ཀར་འབྲེལ་ཡོད་ཅིང་། སྤྱི་བའི་འཕྲོད་བསྟེན་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ངེས་ཅན་ཡོད། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆེས་གཟབ་ནན་ཅན་གྱི་ཚད་གཞི་དང་ཆེས་གཟབ་ནན་ཅན་གྱི་ལྟ་སྐུལ་དོ་དམ། ཆད་པ་ནན་མོ་གཅོད་པ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་བཅས་ཀྱི་ཆེས་གཟབ་ནན་དམ་ཟབ་བཞིའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དཔར་ནས་བཀྲམ་པའི། རིམས་འགོག་སྨན་ཁབ་དོ་དམ་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་དངོས་འབེབས་ནན་མོ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་སྨན་ཁབ་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མཚོ་སྔོན་གྱི་རིམས་འགོག་སྨན་ཁབ་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཁྱོན་ཡོངས་ནས་འབྲེལ་ཡོད་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང། ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ལ་ཉེས་ཁྲིམས་ལྕི་མོ་བཅད་དེ། རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཚ་ནན་བྱེད་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།