མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ལོ་ངོ་གསུམ་གྱི་ལག་ལེན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་དང་ཏུའུ་ཅེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ན་ནིང་ནས་བཟུང་། མཚོ་སྔོན་གྱིས་སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ནས། སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་ནི་སྲིད་གྲོས་བྱ་བར་སྐུལ་འདེད་གཏོང་བའི་ཤུགས་འདོན་ས་གཙོ་བོ་ཞིག་ལ་བརྩིས་ཏེ། ཕན་འབྲས་ཆེ་བའི་བྱ་བ་མང་པོ་བསྒྲུབས། རྨང་གཞི་དེའི་སྟེང་དུ་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ལོ་ངོ་གསུམ་གྱི་ལག་ལེན་བྱ་འགུལ་སྤེལ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་དངོས་ཡོད་ལག་ལེན་ཡིན་པར་མ་ཟད། སྲིད་གྲོས་ཀྱིས་ལས་གནས་སྟེང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ལ་ཞབས་འདེགས་ཞུ་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན། སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕནའ་བྲས་ཇེ་ལེགས་སུ་གཏོང་བའི་བྱ་འགུལ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས། བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ནན་ཏན་སྒོས་རྩ་འཛུགས་ལག་བསྟར་བྱེད་པ་བཅས་ལ་འབད་དེ། ཏན་ཏན་ཏིག་ཏིག་གི་བྱ་བའི་ཕན་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་བརྗོད་དོན་སློབ་གསོའི་ཕན་འབྲས་མངོན་ཅི་ཐུབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།