“ཀྲུང་གོའི་སྙན་ངག་རྒྱང་སྐྱོད”མདོ་ལར་སྐྱོད་པ་དང་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་སྙན་ངག་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། ཀླུ་འབུམ་ཚེ་རིང་། ཡཱ་ཅོན།)ཟླ་དྲུག་པའི་མདོ་ལ་རྫོང་ནི་ནམ་མཁའ་གཡའ་དག་ཅིང་། རི་ཆུ་ནགས་གསུམ་ལ་སྐྱེས་སྟོབས་ཀྱི་དཔལ་ཡོན་རྣམ་པར་རྒྱས་པས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཟླ་6པའི་ཚེས་25ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཀྲུང་གོའི་སྙན་ངག་རྒྱང་སྐྱོད་རྩ་འཛུགས་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་ལྷན་ཚོགས། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དྲིལ་བསྒྲགས་་པུའུ། ཀྲུང་གུང་མདོ་ལ་རྫོང་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གུང་མདོ་ལ་རྫོང་ཨུ་དྲིལ་བསྒྲགས་པུའུ། མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མདོ་ལ་རྫོང་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱིས་འགན་སྒྲུབ་མཛད་པའི་ “ཀྲུང་གོའི་སྙན་ངག་རྒྱང་སྐྱོད”མདོ་ལར་སྐྱོད་པ་དང་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་སྙན་ངག་སྒྱུ་རྩལ་དུས་ཆེན་མདོ་ལ་རྫོང་ཟློས་གར་ཁང་དུ་དངོས་སུ་མཛད་སྒོ་སྤེལ། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུང་ཁྲེང་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྙན་ངག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན། ཀྲུང་གོའི་སྙན་ངག་རྒྱང་སྐྱོད་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཡེ་ཡན་པིན་གྱིས་མཛད་སྒོའི་སྟེང་གཏམ་བཤད་གནང་།

4.jpg

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུང་ཁྲེང་གིས་གཏམ་བཤད་བཞིན་པ།

6.jpg

ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྙན་ངག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན། ཀྲུང་གོའི་སྙན་ངག་རྒྱང་སྐྱོད་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། སྙན་ངག་པ་གྲགས་ཅན་ཡེ་ཡན་པིན་གྱིས་གཏམ་བཤད་གནང་བཞིན་པ།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་སྙན་ངག་དུས་ཆེན་ལ་ཞུགས་ཡོད་པའི་འགོ་ཁྲིད་དང་སྙན་ངག་པར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་ལགས་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡེང་ཡེན་ཁྲིན་སོགས་མི་8དང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་།དེ་དང་འབྲེལ་ཡོད་འགོ་ཁྲིད་ཁྲོད་ཀྲུང་གུང་མཚོ་བྱང་ཁུལ་གྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། སྙན་ངག་པ་ཝང་ཡུང་ཁྲང་སོགས་མི་5ལྷག་ཞུགས་ཡོད་པ་མ་ཟད། རྒྱལ་ནང་གི་སྙན་ངག་པ་གྲགས་ཅན་ལེའོ་ཡོན་སོགས་མི་15དང་། ཞིང་ཆེན་ནང་ཁུལ་གྱི་སྙན་ངག་པ་གྲགས་ཅན་ཀའོ་ཅན་ཆང་སོགས་མི་5ད་དུང་མདོ་ལ་རྫོང་ས་གནས་ཀྱི་སྙན་ངག་པ་ཝང་ཀྲིན་ཞང་སོགས་མི་14དུས་ཆེན་སྟེང་གདན་འདྲེན་ཞུས་ཡོད། ཀྲུང་གོའི་སྙན་ངག་རྒྱང་སྐྱོད་འགོ་ཚུགས་པ་ནས་ད་བར་གྱི་ལོ་15ཡི་རིང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཞིང་ཆེན་གྱི་གྲོང་ཁྱེར་77དང་ས་ཁུལ་རིམ་པའི་གྲོང་ཁྱེར་120ལ་བསྐྱོད་ཡོད།

5.jpg

དེ་རྗེས་སྙན་ངག་པ་གྲགས་ཅན་བོད་ལྗོངས་དམག་ཁུལ་གྱི་དེ་སྔའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝུའུ་ཁྲོན་ཅུག་གིས་ཀྲུང་གོའི་སྙན་ངག་རྒྱང་སྐྱོད་རྩ་འཛུགས་ཨུའི་ཚབ་ཞུས་ནས་མདོ་ལ་རྫོང་གི“མདོ་ལ་རི་བོའི་རྩོམ་རིག་གསར་རྩོམ་རྟེན་གཞི“ཞེས་པའི་སྒོ་བྱང་སྤྲད་པ་རེད། སྙན་ངག་པ་དང་། ཡིག་གཟུགས་མཁས་ཅན་སན་སི་ཏུང་དང་། ན་རེན་ཆིས་ཆིས་ཀེ། ཧྭ་ཡུས་བཅས་ཀྱིས་མདོ་་རྫོང་ལ་རི་མོའི་བརྩམས་ཆོས་ཕུལ་བ་རེད། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེན། སྙན་ངག་པ་ཡང་ཐིན་ཁྲིན་གྱིས་ཀྲུང་གོའི་སྙན་ངག་རྒྱང་སྐྱོད་མདོ་ལར་སྐྱོད་པ་དང་ལྷ་ཡི་ཞིང་ཁམས་ཀྱི་མདོ་ལའི་སྙན་ངག་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། དེ་རྗེས་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་དང་དེ་བཞིན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོས་སྙན་ངག་གྱེར་འདོན་དང་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

2.jpg

སྙན་ངག་པ་ཧྥུའུ་ཐེན་ལིན།

3.jpg

སྙན་ངག་པ་ལིས་ལིས།

ཐེངས་འདིའི་སྙན་ངག་སྒྱུ་རྩལ་དུས་ཆེན་གྱི་དམིགས་ཡུལ་ནི། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས། གོམ་གང་མདུན་སྤོས་ཀྱིས་སྔར་བས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་མཐོ་རླབས་གསར་པ་འཕྱུར་བ། རྒྱལ་ཡོངས་ཀྱི་སྙན་ངག་པ་དང་སྙན་ངག་ལ་མོས་པ་ཡོད་མཁན་ཕན་ཚུན་བར་མཐུན་སྒྲིལ་ཡོད་པ། མི་རིགས་ཀྱི་རིག་གནས་དར་སྤེལ། རྒྱ་ཆེའི་མང་ཚོགས་ལ་སྙན་ངག་གི་སྙིང་སྟོབས་བརྒྱུད་སྤྲོད། རྒྱ་ཆེའི་མང་ཚོགས་ཀྱི་བསམ ་དང་འཚོ་བའི་སྤུས་ཚད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྙན་ངག་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། མདོ་ལའི་རིག་གནས་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རེད།

7.jpg

ད་དུང་ཉིན་དེའི་ཕྱི་དྲོར། ལེའོ་ཡོན་དང་། ཧྥུའུ་ཐེན་ལིན། ཝོའུ་ཁྲོན་ཅིག  མཱ་ཧྭའེ་ཡུས། ལིས་ལིས་སོགས་མི་ལྔ་གདན་འདྲེན་ཞུས་ཏེ། “སྙན་པ་ཁྲང་ཡའོ་ཡི་སྙན་ངག་ཁྲོད་ཀྱི་མདོ་ལའི་མི་ཆོས་ས་ཁམས་རིག་གནས་དང་མདོ་ལ་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་རིག་གནས་ཀྱི་ཁྱད་ཆོས་རིན་ཐང་སྐོར་ལ་ཡུད་དུ་འཐད་པའི་བགྲོ་གླེང་གནང་།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།