ཡུས་ཁང་ཀྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྟོང་སྐོར་རྫོང་དང་ཧི་ནན་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཀྲུང་དབྱང་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲིན་མཚོ་སྔོན་ཞིང་ཆེན་གྱི་སྟོང་སྐོར་རྫོང་དང་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ་སོང་ནས་ཕྱུགས་ལས་འཕེལ་རྒྱས་དང་སྒོ་ཕྱུགས་ཀྱི་བཤང་གཅིའི་བཙོག་བཟོ་ཐོན་ཁུངས་ཅན་དུ་བསྒྱུར་ནས་བཀོལ་སྤྱོད་བྱེད་པ། འབྲུ་རིགས་གཟན་རྩྭ་རུ་སྒྱུར་བའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས་པ་མ་ཟད། མཉམ་འབྲེལ་རོགས་སྐྱོར་སྡེ་བའི་ལས་བྱེད་པ་དང་མང་ཚོགས་དབར་བཞུགས་མོལ་བྱས་པ་དང་། ཞིང་སྡེ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བར་གྲོས་སྡུར་བྱས།

ཕྱུགས་ལས་འཕེལ་རྒྱས་དང་སྒོ་ཕྱུགས་ཀྱི་བཤང་གཅིའི་བཙོག་བཟོ་ཐོན་ཁུངས་ཅན་དུ་བསྒྱུར་ནས་བཀོལ་སྤྱོད་བྱེད་པ། འབྲུ་རིགས་གཟན་རྩྭར་སྒྱུར་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་སྐབས་སུ། ཡུས་ཁང་ཀྲིན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དང་ཐོན་སྐྱེད་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། རིགས་མི་འདྲ་བའི་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱས་ནས། སྐྱེ་ཁམས་ཕྱུགས་ར་འཕེལ་རྒྱས་སུ་གཏོང་དགོས། རྩྭའི་ཐོན་ལས་བྱ་བ་བཟང་བོར་བསྒྲུབ་པ་དང་། སྒོ་ཕྱུགས་ཀྱི་བཤང་གཅིའི་བཙོག་བཟོ་ཐོན་ཁུངས་ཅན་དུ་བསྒྱུར་ནས་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཞིང་ཕྱུགས་ལས་འཁོར་རྒྱུག་འཕེལ་རྒྱས་སུ་གཏོང་བའི་ཐད་ཆ་རྐྱེན་བསྐྲུན་པ་དང་། ཧུར་ཐག་གིས་ཕྱུགས་ལས་སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་གསར་བ་བཏོད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཡུས་ཁང་ཀྲིན་གྱིས་ནན་གྱིས་བསྟན་དོན། ནང་ལོགས་ཀྱི་སྡེ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་དཔེ་ལྟ་བྱེད་དགོས་ལ། རང་ཉིད་ཀྱི་གནས་ཚུལ་དངོས་ལ་ཡང་ཟུང་འབྲེལ་བྱེད་པ་དང་། རང་ཉིད་ཀྱི་ཐོན་ཁུངས་དགེ་མཚན་ལ་རྒྱབ་བརྟེན་ནས། ཞིང་སྡེ་གནས་སྐོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ། རྗེས་ལུས་ཀྱི་སྡེ་བ་ཆུང་ཆུང་དང་ཕྱི་ཕྱོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས། ནོར་གནག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྤུས་ལེགས་ལས་སྣོན་ལ་འཆར་འགོད་བྱེད་པ། ཐོན་ལས་སྦྲེལ་ཐག་རྒྱུན་བསྲིང་བ། ཟུར་སྣོན་རིང་གྲངས་མཐོར་འདེགས་བཏང་ན། ཐོན་ལས་དར་སྤེལ་བྱ་བ་ད་གཟོད་བཟང་བོར་བསྒྲུབ་ཐུབ་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཕྱུག་བསྒྱུར་ལམ་བུ་ད་གཟོད་གཏན་པོ་ཡོང་ཐུབ་ལ། ཞིང་སྡེ་དར་སྤེལ་གྱི་རྨང་གཞི་ད་གཟོད་ཇེ་བརྟན་དུ་གཏོང་ཐུབ་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།