ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོས་མཚོ་སྔོན་གྱི་བརྗོད་དོན་སློབ་གསོ་བྱ་བའི་སྙན་ཞུར་ཉན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན།ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོས་ཟི་ལིང་ནས་མཚོ་སྔོན་གྱི་སྐོར་ཐེངས་དང་པོའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་སྙན་ཞུར་ཉན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོའི་ཚན་གཙོ་ཧྥིན་ཅན་ཧྲིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་སོ་སོར་གཏམ་བཤད། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོའི་ཚན་གཙོ་གཞོན་པ་ཝུའུ་ཅུན་ཧོས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའ་ཀྲང་། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་ཏང་ཡོངས་ཀྱི་ཁྱབ་ཁོངས་ནས་སྤེལ་བའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོར་མཐོང་ཆེན་བླ་མེད་བྱས་ཏེ། ངོས་འཛིནན་ཟབ་མོ་བྱས་པར་མ་ཟད།གྲ་སྒྲིག་འཐུས་ཚང་བྱས་ནས།བྱ་བའི་བཀོད་སྒྲིག་རྨང་རྐང་བརྟན་པོ་རེད།སྤྱིའི་ཆ་ནས་བལྟས་ན།མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་བརྗོད་དོན་སློབ་གསོ་སྤེལ་བའི་འགོ་རྩོམ་སྟངས་ལེགས་ཤིང་།རྣམ་པ་བཟང་བོ་མངོན་ནས།བརྗོད་དོན་སློབ་གསོར་ཕན་འབྲས་མི་ཉུང་བ་བླངས་ཡོད།གཙོ་བོ་གཤམ་གྱི་ཕྱོགས་དུ་མའི་ཆ་ནས་ཁྱད་ཆོས་མངོན་འདུག་སྟེ།གཅིག་ནས་ཆབ་སྲིད་ཀྱི་གོ་གནས་མཐོ་ཞིང་སྔོན་འགྲོའི་སྟ་གོན་ལེགས་པར་གྲུབ་པ།འགོ་རྩོམ་པའི་ཚད་གཞི་མཐོ་བ།བླང་བྱ་ནན་མོ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན།གཉིས་ནས་སློབ་སྦྱོང་གོ་རྟོགས་ཟབ་ཅིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པ་སྟོབས་དང་ལྡན་པ།བསམ་བློའི་ཇུས་འགོད་འཐེན་པ་འཐུས་སྒོ་ཚང་བ།ཁ་ཕྱོགས་ལ་གོ་བ་མ་ནོར་བ་བླངས་པ།དངོས་འབེབས་ཐབས་ཇུས་བདེན་ཐུབ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན།གསུམ་ནས་དངོས་ཡོད་དམ་དུ་བཟུང་ནས་ཕན་འབྲས་ལ་དོ་སྣང་བྱས་པ།ཞིང་ཆེན་གྱི་གནས་ཚུལ་དངོས་དང་དམངས་དོན་དངོས་ལ་དམ་པོར་འབྲེལ་ཚད་ཅུང་ལེགས་པ།མཚོ་སྔོན་གྱི་ཁྱད་ཆོས་མངོན་པ་ཅུང་འབུར་ཐོན་ཡིན་པ།རང་འདེམ་བྱ་འགུལ་དང་རང་གྲུབ་མ་ལག་གི་སྤུས་ཚད་མཐོ་བ་བཅས་ཀྱི་དཀྱིལ་སྙིང་དམ་པོར་ཟིན་པའི་ཁྱད་ཆོས་ལྡན།བཞི་ནས་མིག་སྔའི་སློབ་སྦྱོང་སློབ་གསོ་སྤེལ་སྟངས་ཀྱིས་བརྗོད་དོན་གཅིག་ཏུ་འདྲིལ་བར་བྱས་པ་དང་གནད་ཕིགས་ལ་དམིགས་ཚད་འཇལ་བ།བྱེད་ཕྱོགས་སྟོབས་དང་ལྡན་པ།བྱ་བ་དངོས་འབེབས་བྱས་པ་ཅུང་བདེན་དངོས་ལ་གཞོལ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཟེར།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོས་གཤམ་གྱི་ཕྱོགས་གསུམ་གཙོ་བོར་བཟུང་ནས་མཚོ་སྔོན་གྱི་མ་འོངས་པའི་བརྗོད་དོན་སློབ་གསོར་བསམ་འཆར་བཏོན།གཅིག་ནས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་རྒྱུའི་སྟེང་ཤུགས་སྣོན་དགོས།གཉིས་ནས་མི་དམངས་ཀྱི་ལངས་ཕྱོགས་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུའི་སྟེང་ཤུགས་གང་ཡོད་འདོན་དགོས།གསུམ་ནས་མཚོ་སྔོན་གྱི་དགེ་མཚན་ཆེ་ཤོས་བསྐྲུན་རྒྱུ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་དུ་འཇུག་རྒྱུའི་ཐད་སྟོབས་ཤུགས་གང་ཡོད་འདོན་དགོས་པ་བཅས་རེད།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚབ་བྱས་ཏེ་བཤད་རྒྱུར།ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོ་མཚོ་སྔོན་དུ་ཐོན་ནས་བརྗོད་དོན་སློབ་གསོའི་བྱ་བར་མཛུབ་སྟོན་བྱས་པ་དེས།ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་པ་དང་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་རྒྱབ་སྐྱོར་གནང་གིན་པ་མངོན་པར་མཚོན་ཡོད།ང་ཚོས་ངེས་པར་དུ་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོའི་བླང་བྱ་ལྟར་དུ།སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་དགོས།གཅིག་ནས་རང་རྟོགས་སྒོས་མཛུབ་སྟོན་དང་ལེན་བྱེད་དགོས།གཉིས་ནས་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱེད་དགོས།གསུམ་ནས་སེམས་ཞིབ་མོས་རྩ་འཛུགས་སྒྲོག་འགྲེལ་བྱེད་དགོས།བཞི་ནས་སྦྱངས་པ་གོ་ཆོད་པར་བྱེད་དགོས།ལྔ་ནས་དུས་ལྟར་ཞིབ་བཤེར་ལ་ཕན་འབྲས་ཐོབ་པར་བྱེད་དགོས་ཟེར།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོའི་ཁོངས་མི་ཡོངས་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི།ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ།ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བློ་མཐུན་བཅས་ཐེངས་འདིའི་སྙན་ཞུ་འབུལ་བའི་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།