རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་བསྡུས། 

ཁོས་ནན་གྱིས་བསྟན་དོན།  བསམ་བློས་ཏང་འཛུགས་དང་རིག་གཞུང་གིས་ཏང་སྟོབས་ལྡན་དུ་གཏོང་བའི་བླང་བྱ་ལྟར།  སློབ་སྦྱོང་སློབ་གསོ་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་།   ཁྱོན་ཡོངས་ནས་གཟབ་ནན་གྱིས་སློབ་སྦྱོང་བྱས་ཏེ་བརྗོད་དོན་སློབ་གསོ་སློབ་སྦྱོང་ཁྲོད་དུ་ཏང་གཤིས་སྦྱོང་བརྡར་བྱེད་པ་དང་།  བསམ་བློ་བཅིངས་འགྲོལ་བྱེད་པ།   ཆབ་སྲིད་གླེང་བ་དང་ཞིབ་ཕྲ་དམ་འཛིན་བྱེད་པ་གཉིས་ཚད་མཐོའི་གཅིག་གྱུར་བྱེད་པ་དང་།   བསམ་བློར་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་དངོས་ཡོད་གནད་དོན་ཐག་གཅོད་པ་གཉིས་ཚད་མཐོའི་གཅིག་གྱུར་བྱེད་པ།   ཏང་གི་ཐོག་མའི་སེམས་འདུན་སྲུང་འཛིན་བྱེད་པ་དང་སྲིད་གྲོས་ཀྱི་ལས་འགན་ཁག་ཁུར་བྱེད་པ་གཉིས་ཚད་མཐོའི་གཅིག་གྱུར་བྱེད་ཐུབ་པར་བྱས་ནས་ནུས་ཡོད་དང་གོ་རིམ་ལྡན་པ།  ཕན་ཡོད་སྒོས་བརྗོད་དོན་སློབ་གསོ་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་གཟབ་ནན་གྱིས་སྤེལ་དགོས་ཟེར།

གྲོས་ཚོགས་སྟེང་།  རྡོ་རྗེ་རབ་བརྟན་གྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལ་སློབ་སྦྱོང་བྱས།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།   ཀྲུུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་ཀྲང་ཧྲིག་ཁྲིན།   ཏང་ཙུའུ་ཁོངས་མི།  ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་།  མཱ་ཧེ་དབྱིན།  དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་དང་།  ཐིན་རིམ་པའི་ལས་བྱེད་པའི་འཐུས་ཚབ་པ་གསུམ་གྱིས་བསམ་བློ་དང་དངོས་ཡོད་བྱ་བ་གཉིས་ཟུང་སྦྲེལ་བྱས་ཏེ་བརྗེ་རེས་གཏམ་བཤད་སྤེལ་བ་དང་སློབ་སྦྱོང་གི་མྱོང་ཚོར་ཐད་ནས་ངོས་ཟིན་ལྷུག་པོར་བཤད།

ཚང་མས་བལྟས་ན།   བརྗོད་དོན་སློབ་གསོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།   དུས་རབས་གསར་པའི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གཙོ་བོ་ཡིན་ལ།   མི་དམངས་གཙོ་ཡིན་པའི་ལས་འགན་ལག་བསྟར་བྱེད་པའི་དགོས་ངེས་ཆ་རྐྱེན་ཡིན་པར་འདོད།   ཚང་མས་གཟབ་ནན་གྱིས་ཞིབ་འཇུག་འགྲེལ་ཀློག་དང་སློབ་སྦྱོང་བརྗེ་རེས་བརྒྱུད་དེ་བརྗོད་དོན་སློབ་གསོ་སྤེལ་བའི་རང་འགུལ་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་ཐད་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པ་གཏན་ཁེལ་བྱེད་པ་དང་།  རང་རང་གི་ལས་གནས་དང་ཟུང་འབྲེལ་གྱིས་བརྗོད་དོན་སློབ་གསོ་དམ་འཛིན་བཟང་བོ་བྱས་ཏེ་ཁྱད་ཆོས་ལྡན་པ་དང་ཕན་ནུས་ལྡན་པར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཏུའུ་ཏི་ཀྲི།   ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི།   ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་འགན་ཁུར་མི་སྣ།   ལས་ཁུངས་ཀྱི་ཏང་ཀྲི་པུའུ་སོ་སོ་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།