《ཡུང་ཧོད་ལ་ཕུལ་བའི་བསྟོད་གླུ》ཞེས་པའི་གཏམ་བརྗོད་ཟློས་གར་འཁྲབ་སྟོན་བྱས་པ་དང་། ཝང་ཅན་ཅུན་དང་ལིག་ཉིང་། རྡོ་རྗེ་རབ་བརྟན་སོགས་ཀྱིས་འཁྲབ་སྟོན་ལ་བལྟས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞིའི་སློབ་གསོའི་ཁྲོད་ཀྱི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བའི་བཀོད་སྒྲིག་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་དགོང་མོར། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་མས་གསར་རྩོམ་དང་སྒྱུར་སྒྲིག འཁྲབ་སྟོན་བྱས་པའི་གཏམ་བརྗོད་ཟློས་གར《ཡུང་ཧོད་ལ་ཕུལ་བའི་བསྟོད་གླུ》ཞེས་པ་དེ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་འཁྲབ་སྟོན་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་བློ་མཐུན། ཞིང་ཆེན་ཏང་ཨུའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་དང་ཏང་ཡོན་ལས་བྱེད་པ་ཁ་ཤས་བཅས་ཀྱིས་འཁྲབ་སྟོན་ལ་བལྟས།

གཏམ་བརྗོད་ཟློས་གར《ཡུང་ཧོད་ལ་ཕུལ་བའི་བསྟོད་གླུ》ཞེས་པ་དེས་ཀྲུང་གོའི་ཉེ་རབས་ཤུགས་རིག་པའི་ལས་དོན་ལ་རྨང་འདིང་མཁན་གྲས་ཀྱི་གཅིག་སྟེ། ཉེར་སྤྱོད་གྲངས་རིག་པ། མཁའ་དབུགས་སྒུལ་ཤུགས་རིག་པ་བ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་ཐད་མཛད་རྗེས་ཆེན་པོ་འཇོག་མཁན་གོ་ཡུང་ཧོད་ཀྱི་མཛད་རྗེས་གཙོ་བོ་བརྗོད་དོན་དུ་བྱས་ཡོད་ལ། གཏམ་བརྗོད་ཟློས་གར་ཞེས་པའི་སྒྱུ་རྩལ་གྱི་ཐབས་འདི་ལ་བརྟེན་ནས་དམིགས་བསལ་གྱི་དུས་རབས་རྒྱབ་ལྗོངས་ཡང་བསྐྱར་མངོན་པར་བྱས་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་པར་གོ་ཡུང་ཧོད་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་ཞིབ་འཇུག་གསར་བཟོའི་ཁྲོད་དུ་ཞུགས་པའི་ཞིབ་འཇུག་གི་ལོ་རྒྱུས་དང་བརྩེ་དུང་གི་ལོ་རྒྱུས། འབད་འཐབ་ཀྱི་ལོ་རྒྱུས་བཅས་གསོན་ཉམས་ལྡན་པར་བསྟན་ཡོད། གཏམ་བརྗོད་ཟློས་གར་དེས་གོ་ཡུང་ཧོད་ཀྱིས་རྒྱལ་བཙུགས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་ནས་སློབ་གཉེར་བྱས་པ་དང་། ཕྱི་འགྲིམས་སློབ་མའི་ཐེབས་རྩ་བརྩོན་ལེན་བྱས་ནས་ཨ་མེ་རི་ཁར་སོང་སྟེ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བློ་ཐག་རྦད་ཆོད་ཀྱིས་ཕྱིར་མེས་རྒྱལ་དུ་ལོག་སྟེ་མཚོ་སྔོན་མཚོ་བྱང་ཁུལ་གྱི་གཉིས་གཉིས་གཅིག་རྟེན་གཞི་རུ་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་ལས་གཞིའི་ཞིབ་འཇུག་གསར་བཟོར་ཞུགས་པ། ལན་ཀྲིག་ནས་པེ་ཅིན་དུ་འཕུར་བའི་གོ་རིམ་ཁྲོད་གནམ་གྲུར་ཆག་སྒོ་འབྱུང་སྐབས་ཡིག་ཆར་སྲུང་སྐྱོབ་བྱེད་ཆེད་རང་སྲོག་བློས་བཏང་བ་བཅས་ཀྱི་གཏམ་རྒྱུད་བཞི་ལ་བརྟེན་ནས། གོ་ཡུང་ཧོད་ཀྱི་མཆོག་ཏུ་གྱུར་པའི་སྤྱོད་ཚུལ་དང་རང་གཤིས་མཚོན་པར་བྱས་ཏེ། ཁོ་ལ་བསྟོད་གླུ་ཕུལ་ཡོད།

འཁྲབ་སྟོན་མཇུག་རྫོགས་རྗེས། ཚང་མས་གཅིག་གྱུར་གྱིས་བསྟན་དོན། གཏམ་བརྗོད་ཟློས་གར《ཡུང་ཧོད་ལ་ཕུལ་པའི་བསྟོད་གླུ》ཞེས་པར་བལྟས་པ་བརྒྱུད་ནས། གཏང་གཤིས་སློབ་གསོ་དང་བསམ་བློའི་བློ་སྦྱོང་ཟབ་མོ་ཐོབ་སོང་ལ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། བློ་མཐུན་གོ་ཡུང་ཧོད་ཀྱི་མཆོག་ཏུ་གྱུར་པའི་སྤྱོད་ཚུལ་ལ་སློབ་སྦྱོང་ཟབ་མོ་བྱས་ཏེ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དངོས་སུ་དར་སྤེལ་བྱེད་པ་དང་། རང་རྟོགས་ཀྱིས་འདུ་ཤེས་བཞི་བཛུགས་པ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་བྱེད་པ། བརྗོད་གཞིའི་སློབ་གསོ་དེ་གཙོ་འཛིན་གྱི་དགོངས་པར་སློབ་སྦྱོར་ཟབ་མོ་བྱེད་པ་དང་། ཏང་ཡོངས་ཀྱི་འདོད་བློ་གཅིག་ཏུ་བསྡུ་བ། ཀྲུང་དབྱང་གི་དབང་ཟིལ་སྲུང་སྐྱོབ་བྱེད་པ། ས་གནས་ཀྱི་རང་རྟོགས་མངོན་པར་མཚོན་པ་བཅས་ཀྱི་བསམ་བློའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། སྒྲིག་ཁྲིམས་སློབ་གསོ་བཅས་སུ་འགྱུར་བར་བྱས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་སྙིང་སྟོབས་ཆེན་པོས་མདུན་སྐྱོད་ལྷོད་མེད་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།