རྨ་ཆུའི་མགོ་ཁུངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད་པ།

res01_attpic_brief (1).jpg

“རིག་གནས+མི་རིགས་མཐུན་སྒྲིལ”ལ་བརྟེན་ནས་རྨ་སྟོད་བུ་ཕྲུག་གི་རྣམ་པ་གསར་པ་མངོན་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཆུའི་མགོ་ཁུངས་སུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཉེ་བའི་ལོ་འགའི་རིང་ཧུར་ཐག་གིས“མི་རིགས་མཐུན་སྒྲིལ+”ཁྱད་ལྡན་ཟོང་རྟགས་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ+གཞི་རིམ་ཏང་གི་འཛུགས་སྐྲུན། སྐྱེ་ཁམས་དོ་དམ་སྲུང་སྐྱོབ། གནད་ཁེལ་དབུལ་སྐྱོར། སྤྱི་ཚོགས་བརྟན་འཇགས། བསམ་པའི་དཔལ་ཡོན་སོགས་གཙོ་གནད་ཡིན་པའི་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་ཁྱད་ཆོས་གཙོ་བོ་ཚུར་ལེན་པ་དང་། སྒྲིག་ཡིག་དང་ལམ་ལུགས་འཛུགས་པ། གཅིག་གྱུར་འཆར་འགོད་དང་དོ་དམ་བྱེད་པ། མི་རེ་རེ་ནང་དུ་ཞུགས་པ་བཅས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ལ་དྲི་བསུང་འཐུལ་ཡོད།

res04_attpic_brief.jpg
གང་སར་མཐོང་ཐུབ་པའི“མི་རིགས་མཐུན་སྒྲིལ”གྱི་དྲིལ་སྒྲོག་སྦྱར་བྱང་།

res07_attpic_brief.jpg

ཁྱིམ་མཚེས་བར་གྱི་མཐུན་སྒྲིལ་བཟང་།

res10_attpic_brief.jpg

དྲིལ་སྒྲོག་རྒྱུན་རྣམ་ཅན་དུ་གྱུར་པ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།