མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གཞི་རིམ་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པར་གཞོགས་འདེགས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་ཆེན་གྱི་རྗེས་སུ། རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོས་འཕྲོ་རིམ་འཕྲོར་ཆེད་དོན་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས། སྐུལ་སློང་ཚོགས་ཆེན་བསྡུས་ཏེ་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཧུར་ཐག་སྒོས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གཞི་རིམ་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པར་གཞོགས་འདེགས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

མཚོ་ཤར་གྲོང་ཁྱེར་གྱིས་ཆབ་སྲིད་འགན་འཁྲི་སྔར་ལས་གཏན་འཁེལ་གསལ་བོ་བྱས་པ་དང་། ཏང་ཨུ་ཡིས་གཅིག་གྱུར་སྒོས་འགོ་ཁྲིད་པ་དང་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གིས་སྣེ་ཁྲིད་དེ་ཁྱོན་ཡོངས་འཛིན་པ། འབྲེལ་ཡོད་ལས་ཁུངས་ཀྱིས་མཐུན་སྦྱོར་ལག་བསྟར་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་མཉམ་དུ་ཞུགས་པའི་རྣམ་པ་བཟང་བོ་གསར་སྐྲུན་བྱས་ཏེ། མཚོ་ཤར་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། རྡུང་རྡེག་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ཞིང་གྱོད་དོན་གཙོ་བོ་གཞིར་བཟུང་སྟེ་ཁུངས་སྣེ་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱས་ནས་རྒྱུན་མཐུད་སྒོས་ནག་འཇོམས་ངན་སེལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས། འཐབ་རྩོད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་པ་དང་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ལ་རྒྱུས་ཟབ་མོ་བྱས་ལ། གླེང་ཕྱོགས་ཁྲིད་སྟོན་བྱ་བ་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ཤེས་རྟོགས་ནུས་པ་དང་ཞུགས་ཚད་ཇེ་མཐོར་བཏང་ནས། ཆེད་དོན་འཐབ་རྩོད་དུས་དང་རྣམ་པ་ཀུན་ཏུ་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་བྱས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ས་གནས་སོ་སོ་དང་ལས་ཁུང་སོ་སོས་མཚོ་ནུབ་ཀྱི་དོན་དངོས་དང་སྦྲེལ་ཏེ། རྒྱུན་མཐུད་སྒོས་མཐོ་གནོན་རྣམ་པ་སྲུང་འཛིན་བྱེད་པ་དང་ཁུངས་སྣེ་ལ་ཞིབ་བཤེར་དང་གྱོན་དོན་གྱི་ཞིབ་བཤེར་ཐག་གཅོད་ཤུགས་ཚད་ཇེ་ཆེར་གཏོང་བ། གནད་དོན་གཙོ་བོ་རྩད་ཆོད་པའི་ནུས་པ་ཇེ་ཆེར་གཏོང་བ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ། རྣམ་པ་མང་ཞིང་ཕྱོགས་མང་པ་དང་ཚད་མི་འདྲ་བའི་སྒོ་ནས་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཀྲུང་དབྱང་ནག་འཇོམས་ངན་སེལ་སྲིད་ཇུས་ཤེས་སུ་འཇུག་དགོས་པར་མ་ཟད་ཚང་མ་དེའི་ཁྲོད་དུ་ཞུགས་ནས་ཆེད་དོན་འཐབ་རྩོད་ཐད་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་གལ་ཆེན་རང་བཞིན་གསལ་བོར་ཤེས་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་པ་དེ་ཁྱོན་ཡོངས་ཀྱི་ཉམས་ལེན་དང་གནད་དོན་རྩད་གཅོད་པ་དང་། བྱ་བ་ལེགས་སྒྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་ཤིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་བྱ་བར་གཞོགས་འདེགས་བྱས་ཏེ་དངོས་སུ་བཀོད་སྒྲིག་དང་དངོས་སུ་ཞིབ་འཇུག དངོས་སུ་མཐུན་སྦྱོར། དངོས་སུ་ལྟ་སྐུལ་ཐག་གཅོད་བྱེད་དགོས་པར་མ་ཟད་གཟབ་ནན་གྱི་སྒྲིག་ལམ་ལ་བརྟེན་ནས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།