མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་སྐབས་བཅོ་བརྒྱད་པའི་སྒྲིག་འཛུགས་ཨུ་ལྷན་གྱི་གྲ་སྒྲིག་བྱ་བའི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས3ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་བཅོ་བརྒྱད་པའི་སྒྲིག་འཛུགས་ཨུ་ལྷན་གྱི་གྲ་སྒྲིག་བྱ་བའི་ཚོགས་འདུ་འཚོགས་ནས་དུས་འགོའི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་། སྒྲིག་འཛུགས་བྱ་བར་བཀོད་སྒྲིག་དང་ཞིབ་འཇུག་བྱས་ཏེ་ཇུས་གཞི་ལག་བསྟར་བྱས་ནས་དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ལ་འཆར་འགོད་བྱས། ཧྲིན་ཀྲང་གཞོན་པའམ་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཧྥིན་ཁྲུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་།

དབྱང་ཧྥིན་ཁྲུན་གྱིས་འདུ་ཤེས་གསར་པར་བརྟེན་ནས་ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད་པ་དང་། འགྲན་བསྡུར་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན། ཁྲོམ་ར་ཅན་བཅས་ཀྱི་ཆུ་ཚད་གསར་གཏོད་དང་མཐོ་རུ་གཏོང་བ། འགྲན་བསྡུར་སྒྲིག་འཛུགས་དང་བརྒྱུད་རིམ་ཇུས་འགོད་སོགས་ཕྱོགས་གང་ཅིའི་ཐད་རྒྱལ་སྤྱིའི་ཆུ་ཚད་མངོན་པར་བྱེད་པ། ལས་ཀའི་ཆེད་ལས་ཅན་དང་མི་གཤིས་ཅན། ཞིབ་ཕྲ་ཅན་བཅས་མངོན་པར་བྱེད་པ། འགྲན་བསྡུར་ཁྲོམ་ར་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྐོར་འགྲན་བསྡུར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས། ཉེན་སྐྱོན་སྣ་ཚོགས་ལ་སྔོན་འགོག་དང་གཙང་སེལ་བྱས་ནས་འགྲན་བསྡུར་ལ་ནན་ཏན་གྱིས་དཔྱད་དཔོག་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱེད་པ། བདེ་འཇགས་དང་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱབ་ནས་འགྲན་བསྡུར་ལ་ནོར་འཆུག་གཏན་ནས་མེད་པ་བྱེད་དགོས། འགྲན་བསྡུར་གྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནསམཚོ་སྐོར་འགྲན་བསྡུར+Nགྱི་མཉམ་འདྲེས་ལས་གཞིར་སྐུལ་འདེད་ཤུགས་ཆེན་བཏང་ནས་མཚོ་སྐོར་འགྲན་བསྡུར་གྱི་རིམ་སྤེལ་ཐོན་རྫས་གཏོད་དགོས། མཚོ་སྐོར་འགྲན་བསྡུར་ལ་དམིགས་ནས་ཕན་ཚུན་སྐུལ་འདེད་དང་གཉིས་ཕན་མཉམ་འདྲེས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ལྗང་མདོག་གི་བརྗོད་བྱ་གཙོ་བོར་བཟུང་ནས་ལྗང་མདོག་འགྲན་བསྡུར་གྱི་ནང་དོན་ལ་འགྲེལ་བཤད་ཡག་པོ་རྒྱབ་ཏེ་ལྗང་མདོག་སྐྱོན་བྲལ་གྱི་འཚོ་བའི་འདུ་ཤེས་བརྒྱུད་བསྒྲགས་བྱེད་དགོས། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རིག་གནས་ཀྱི་ཉིང་བཅུད་མངོན་པ། དེང་རབས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་ཀྱིས་སྐབས་འདིའི་མཚོ་སྐོར་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོར་ངོ་མཚར་ལྡན་པ་དང་ཁྱད་ཆོས་ལྡན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

དབྱང་ཧྥུང་ཁྲུན་གྱིས་མཚོ་སྔོན་པོར་བསྐོར་བའི་ལྕགས་རྟ་འགྲན་བསྡུར་ནི་གཞི་རྒྱ་ཆེ་བའི་འགྲན་བསྡུར་ཞིག་ཡིན་པས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་འོས་འཚམ་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་སྐད་གྲགས་ཆོད་པ་དང་མཚན་སྙན་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་ཤིང་། ས་ཁུལ་ཁག་དང་ཁོངས་མིའི་ཚན་པ་ཁག་གིས་དམིགས་ཚད་མཐོ་རུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གོ་རིམ་ལྡན་པ་དང་མཐུན་སྦྱོར། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་སྐབས་བཅོ་བརྒྱད་པའི་མཚོ་སྐོར་འགྲན་བསྡུར་ཡོངས་འགྲུབ་འབྱུང་བར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།