མཚོ་སྔོན་ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཛིན་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་6པའི་ཚེས་3ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཛིན་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཛིན་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ནས་མཚོ་སྔོན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་ཞིབ་འཇུག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

ཚོགས་འདུའི་ཐོག“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཛིན་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་ངང་སྤེལ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ཁོང་དུ་ཆུད་པ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག  གནད་དོན་ལ་ཞིབ་བཤེར། དག་ཐེར་དོན་འཁྱོལ་བཅས་ཀྱི་ལས་དོན་ཏན་ཏིག་བཟང་པོ་བསྒྲུབས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ལ་གུས་བརྩི་ཡོད་པ། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་འཁུར་ཕོད་པ། དམངས་ལ་ཞབས་ཞུ་སྒྲུབ་ནས་དཀའ་ཁག་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་འགྲུབ་པར་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཛིན་པའིཡིད་ཆེས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཇུས་འགོད་བྱེད་དགོས། “འདུ་ཤེས་བཞི་”ཇེ་བརྟན་དུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཀྱི་ཆབ་སྲིད་རང་རྟོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་འཇུག་བྱེད་པ། ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པའི་མཐོ་ཚད་ཐོག་ནས་བརྗོད་བྱ་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བ། “ཏན་ཏན་ཏིག་ཏིག་བཞིའི་”བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་ཕན་འབྲས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོར་ཞིབ་བསྡུར་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཁག་ཅིག་ཆགས་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་བཤེར་བྱས་ཏེ། མཚོ་སྔོན་གྱི་བརྗོད་དོན་གཙོ་བོའི་སློབ་གསོར་སྤུས་ཚད་མཐོ་བའི་རྒྱུགས་ལན་སྤྲོད་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་མཛད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།