རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་གང་ལེགས་བྱས་པར་མ་ཟད། དངོས་འབེབས་མཐར་ཕྱིན་བྱ་བར་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ནི་སྲིད་གྲོས་བྱ་བའི་སྤྱི་ཡོངས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། གྲོས་ཚོགས་ཀྱིས་ས་གནས་སྲིད་གྲོས་བྱ་བའི་ཁྱད་ཆོས་ཆོས་ཉིད་དང་བྱ་བའི་སྒྲིག་ལུགས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། དུས་རབས་གསར་བའི་ས་གནས་སྲིད་གྲོས་ཀྱི་གནས་ཐིག་གཏན་འཁེལ་དང་འགན་འཁྲི་གསལ་བོར་བསྟན་པར་མ་ཟད། དུས་རབས་གསར་བའི་ས་གནས་ཀྱི་སྲིད་གྲོས་ལ་ཤུགས་སྣོན་དང་ལེགས་བཅོས་གང་ལེགས་གཏོང་བ་དང་། ཁྱད་པར་དུ་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་བྱ་བར་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་དེའི་དགོངས་དོན་སློབ་སྦྱོང་བྱེད་པར་རྩ་འཛུགས་གང་ལེགས་བྱེད་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ནི་ཅི་ཞིག་ཡིན་པ་དང་ལས་དོན་ཅི་ཞིག་སྒྲུབ་ཀྱིན་པ། ཇི་ལྟར་སྒྲུབ་དགོས་པ་བཅས་ཀྱི་ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། སྔར་ལས་ལྷག་པ་དྲུག་གི་བླང་བྱ་ལྟར་དུ། བསམ་བློ་དང་སྦྱོར་བ་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཚོགས་འདུར་ཞུགས། ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཚོགས་འདུར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།