ཞིང་ཆེན་ཡོངས་ཀྱི་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཚན་ཆུང་གིས་བྱ་བའི་སྙན་ཞུ་འབུལ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན།   ཞིང་ཆེན་ཡོངས་ཀྱི་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཚན་ཆུང་གིས་བྱ་བའི་སྙན་ཞུ་འབུལ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན།   ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཏན་ཁེལ་བྱས་པའི་ཇུས་ཆོད་བཀོད་སྒྲིག་ཡིན་པ་དང་།  དེ་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་འབྲེལ་བ་ཡོད་པར་མ་ཟད།   ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བར་འབྲེལ་བ་ཡོད་པས།  རིམ་པ་སོ་སོའི་རྩ་འཛུགས་དང་དམངས་སྲིད་སྡེ་ཁག་གིས་དོན་དངོས་དང་མཐུན་པའི་སྒོ་ནས་བསམ་བློ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་སྟེང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་།   རྩ་འཛུགས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ།   བྱ་བའི་གནད་ས་གཏན་ཁེལ་བྱེད་པ།   འབུར་ཐོན་གནད་དོན་གཅིག་བསྡུས་བྱེད་པ།  བྱ་བའི་བྱེད་ཐབས་ཞིབ་ཕྲ་ཅན་དུ་གཏོང་བ་བཅས་བྱས་ཏེ་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།   

ཁོ་མོས་ནན་གྱིས་བསྟན་དོན།   ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།   ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དེ་སྲུང་སྐྱོབ་གཉིས་ལག་བསྟར་བཟང་བོ་བྱེད་ཐུབ་མིན་གྱི་དངོས་འཐབ་ཞིབ་དཔྱད་ཅིག་ཏུ་བརྩིས་ཏེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དངོས་སུ་བཀོད་སྒྲིག་དང་དངོས་སུ་འདྲི་རྟོག  དངོས་སུ་རྟོག་ཞིབ།   དངོས་སུ་ལྟ་སྐུལ་མཛུབ་སྟོན་བཅས་བྱེད་དགོས།   བྱ་བའི་བྱེད་ཐབས་དམ་འཛིན་བྱས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ངན་སེལ་ནག་འཇོམས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་གཉིས་ལ་གཅིག་གྱུར་འཆར་འགོད་དང་ནུས་ལྡན་མཉམ་བསྲེས་བྱེད་པ་དང་།   དུས་རིམ་སོ་སོ་དང་ལས་འགན་སོ་སོ་དམ་འཛིན་བཟང་བོ་བྱས་ཏེ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་སྔར་ལས་བཟང་བོར་བསྒྲུབ་པའི་སྟེང་ཤུགས་སྣོན་དགོས།   མི་འདང་སར་ཞིབ་བཤེར་ཁ་གསབ་བྱེད་པ་དང་།  ལྷག་པར་དུ་ཀྲུང་དབྱང་གི་བརྡ་ཐོའི་ཁྲོད་བཏོན་པའི་ལས་འགན་གཙོ་བོ་དྲུག་ལ་གཟབ་ནན་གྱིས་ཞིབ་བསྡུར་བྱས་ཏེ་རྙེད་པའི་གནད་དོན་ཐག་གཅོད་བཟང་བོ་དང་དག་ཐེར་ལེགས་བཅོས་བྱས་ནས་དངོས་ཡོད་ཀྱི་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།