སློབ་གྲྭར་ཞུགས་པར་མི་གཅིག་ཀྱང་ཆད་མི་རུང་།——མཚོ་སྔོན་ཞིང་ཆེན་གྱི་སློབ་ཞུགས་འགན་ལེན་ལས་དོན་གྱི་ཕྱོགས་བསྡུས་གཏམ་གླེང་།

1559098799132547.jpg

  བྱིས་པ་ཚང་མར་སྤུས་ཚད་ལྡན་པའི་འོས་འགན་སློབ་གསོ་མྱོང་དུ་འཇུག་དགོས། 

1559098807625026.jpg

“བདེ་སྐྱིད་”ཀྱི་སློབ་གསོས་བྱིས་པ་ཚོ་བདེ་སྐྱིད་ངང་འཚར་ལོངས་འབྱུང་དུ་འཇུག་དགོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་བཅའ་སྡོད་སློབ་གྲྭས“ངས་ཆེས་ཐུགས་རྗེ་ཆེ་ཞུ་འདོད་པའི་མི”ཞེས་པའི་དཔེ་ཀློག་དང་སློབ་གྲྭའི་སྤྲོ་སེམས་འཁོལ་བའི་གཏམ་བཤད་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

2017ལོར་ཀྲུང་དབྱང་གིས་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། འོས་འགན་སློབ་གསོ་སྲ་བརྟན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བཀོད་སྒྲིག་གལ་ཆེན་བྱས་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཡུན་རིང་བདེ་འགོད་མངོན་འགྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་མཐོ་ཚད་གཞིར་བཟུང་ནས་སློབ་མཚམས་ཆད་པ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་ལ“འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་གཅིག་ཀྱང་ཉུང་མི་རུང་བ་དང་། བྱིས་པ་སློབ་གྲྭར་ཞུགས་པར་ཉིན་གཅིག་ཀྱང་འགོར་འགྱངས་བྱེད་མི་རུང་བ་བཅས་ཀྱི་སློབ་མཚམས་ཆད་པ་ཚོད་འཛིན་བྱས་ནས་སློབ་གྲྭར་ཞུགས་ཐུབ་པར་འགན་ལེན་བྱེད་དགོས་པའི”བཀའ་རྒྱ་ནན་མོ་བཏང་བ་རེད། 

མཚོ་སྔོན་ཞིང་ཆེན་གྱིས་དཀའ་གནད་དེར་དམིགས་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མཚམས་མི་ཆད་པ་ལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་མིག་སྔའི་སློབ་གསོའི་དབུལ་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། ལམ་ལུགས་འགན་ལེན། གནས་ཚུལ་དངོས་ལ་བརྟག་དཔྱད། འཚོ་བར་ཟབ་ཞུགས་ཀྱིས་གཅེས་སེམས་རོགས་སྐྱོར་སོགས་རིམ་པ་མང་བའི་བྱེད་ཐབས་སྣ་མང་སྤྱད་དེ་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་རྒྱུ་འགན་ལེན་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། སློབ་ལོ་ལོན་པའི་བྱིས་པ་ཁྱིམ་ཚང་དབུལ་པོའི་རྐྱེན་གྱིས་སློབ་མཚམས་མི་འཇོག་པ་དང་། དབུལ་པོ་མི་རབས་ནས་མི་རབས་བར་དབུལ་པོར་འགྱུར་རྒྱུར་བཀག་འགོག་བྱེད་པ། སློབ་གྲྭར་འགྲོ་རྒྱུར་ཚོད་འཛིན་བྱེད་པའི་ལས་དོན་ལ་མངོན་གསལ་དོད་པོའི་ཕན་འབྲས་ཐོན་པ་བཅས་བྱས་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཤང་གི་ཤང་ཀྲང་ཉི་མ་ཚེ་རིང་གིས་ད་ནི་རང་ཉིད་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཡུལ་མི་ཚོར་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་པ་ཐེངས་དུ་བ་ཡིན་པ་དྲན་གྱི་མེད། སློབ་མཚམས་འཇོག་པའི་སློབ་མ་ཞིག་གི་ཁྱིམ་དུ་བསྐྱོད་དེ་ཁོང་གིས་རིམ་བཞིན་ཁྱིམ་བདག་དང་སློབ་མར་སློབ་གྲྭར་བསྐྱར་ལོག་བྱ་རྒྱུའི་མོས་མཐུན་ཐོབ་རྗེས་གཞི་ནས་བློ་ཡིད་ཚིམ་པོས་གནས་དེ་དང་ཁ་བྲལ་བ་རེད། ཟླ་འགའི་ནང་ཁོང་གསེར་ལུང་ཤང་གི་ས་ཕྱོགས་ཚང་མར་སོང་ཚར་བ་དང་། ཉི་མ་ཚེ་རིང་གི་ལས་དོན་ནི་མཚོ་སྔོན་གྱི་རིམ་པ་ཁག་གི་ལས་བྱེད་པ་དང་སློབ་གྲྭའི་དགེ་རྒན་གྱིས་འོས་འགན་སློབ་གསོའི་མཚམས་མི་ཆད་པར་སློབ་གྲྭར་ཞུགས་རྒྱུ་འགན་ལེན་བྱེད་པའི་ལས་དོན་རེད། 

མཚོ་སྔོན་གྱི་ས་རྒྱ་ཆེ་བ་དང་སྤྱི་ཚོགས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་བས་སློབ་མཚམས་ཆད་པའི་བྱིས་པའི་ལས་དོན་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་ཐོག་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་རྗེས་ལུས་ཀྱི་གོམས་སྲོལ་ལ་འཐབ་རྩོད་བྱེད་པར་བརྡ་བཏང་བ་རེད། 

ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཞིང་ཆེན་གྱི་ཚོགས་འདུ་གཉིས་དང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་འོས་འགན་སློབ་གསོའི་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་ཚོད་འཛིན་བྱེད་པའི་ལས་དོན་གྱི་དོན་སྙིང་ནན་བཤད་ཡང་ཡང་བྱས་པ་མ་ཟད། ཆེད་དོན་བྱ་འགུལ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དང་འབྲེལ། ས་གནས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་གླེང་མོལ་ཐེངས་འགའ་བྱས་ནས་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩི་དགོས་པའི་བླང་བྱ་བཏོན་པ་རེད། གནད་འཁེལ་སློབ་མཚམས་འཇོག་པ་ཚོད་འཛིན་བྱ་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་རྒྱལ་ཡོངས་ཀྱི་གཞི་གྲངས་ཞིབ་བསྡུར་མ་ལག་ཐོག་མ་གསར་སྤེལ་བྱས་ནས་སློབ་མཚམས་ཆད་པའི་བྱིས་པ་རེ་རེ་བཞིན་ཞིབ་བསྡུར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།