ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་། མཱ་ཝེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཝུའུ་ཧེ་ཁོན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ང་དགུ་བཅས་ཚོགས་འདུར་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འབེབས་བཟོས་པའི་མི་གྲངས་དང་འཚམ། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

གྲོས་ཚོགས་ལས་རིམ་པ་བཞིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་སྤྲད་པའི་གྲོས་ཚོགས་ཀྱི་མི་དོན་ལས་རིམ་གནས་ཚུལ་གསལ་བཤད་དང་མཚོ་སྔོན་ཞིང་ཆེན་དམངས་སྤྱོད་གནམ་གྲུ་ཐང་གི་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་མོལ་བྱས་པའི་མཇུག་འབྲས་སྙན་ཞུ་སོགས་ལ་རིམ་པར་ཉན། དེ་མིན་ད་དུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་སྟངས་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྙན་ཞུ་སོགས་ལ་རིམ་པར་ཉན།

གྲོས་ཚོགས་ལས་མཚོ་ནུབ་སོགས་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་སྲོལ་ཡིག་དག་བཅོས་མའི་ཞིབ་བཤེར་སྙན་ཞུ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་པའི་སྲོལ་ཡིག་དག་བཅོས་མའི་ཞིབ་བཤེར་སྙན་ཞུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་སྲོལ་ཡིག་དག་བཅོས་མའི་ཞིབ་བཤེར་སྙན་ཞུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་ལམ་དོ་དམ་སྲུང་སྐྱོབ་སྐོར་གྱི་སྲོལ་ཡིག་དག་བཅོས་མའི་ཞིབ་བཤེར་སྙན་ཞུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག་་གི་གཏན་འབེབས་ཞིབ་བཤེར་སྙན་ཞུ་སོགས་དཔར་ནས་བཀྲམ།

མིང་བཏགས་བསྐོ་བཞག་མི་སྣས་བསྐོ་འཇོག་མ་བྱས་པའི་སྔོན་གྱི་གཏམ་བཤད་བྱས།

ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་དང་ཞིང་ཆེན་ལྟ་སྐུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་མེན་ཡུང་ཧྲན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁ་ཤས་སོགས་ཐེངས་འདིའི་ཚོགས་འདུར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།