ལིག་ཉིང་གིས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་་དང་དངུལ་རྩའི་ལས་ཁུངས་བཅས་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཚོང་དོན་པུའུ་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་མི་དོན་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། ཀྲུང་གོ་གནམ་གཤིས་ཅུའུ། ཀྲུང་གོ་དངུལ་ཁང་ཉེན་སེལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ལ་ཐུག་འཕྲད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་བསྐྲུན་པའི་ལས་དོན་སོགས་ཀྱི་ཐད་ནས་བརྗེ་རེས་འབྲེལ་ལམ་བཙུགས།

ལིག་ཉིང་གིས་བཞུགས་མོལ་བརྗེ་རེས་ཁྲོད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། དངུལ་རྩའི་ལས་ཁུངས་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བར་བཀའ་དྲིན་ཞུས་ནས་བཤད་རྒྱུར། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་པར་མ་ཟད། འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས། དེ་མིན་ད་དུང་དེང་སྐབས་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་གཙོ་བོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་ཕྱོགས་ཤིག་འཚོལ་དཔྱོད་བྱེད་ཀྱིན་ཡོད་པས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། དངུལ་རྩའི་ལས་ཁུངས་བཅས་ཀྱིས་མུ་མཐུད་དུ་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོབ་བྱས་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བ་དང་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་བསྐྲུན་པར་རོགས་འདེགས་དང་མཛུབ་སྟོན་གནང་བར་རེ་སྐུལ་བྱས་པ་ཡིན་ཟེར།

འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། དངུལ་རྩའི་ལས་ཁུངས་བཅས་ཀྱིས་མཚོ་སྔོན་གྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཏེ། མཚོ་སྔོན་གྱིས་བཏོན་པའི་བླང་བྱར་དེ་བསྟུན་གྱི་ལན་ཁ་བྱིན། ཁོ་ཚོས་བཤད་དོན། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། ཐོན་ཁུངས་ནུས་ཁུངས་སོགས་ཀྱི་ཐད་ནས་འཐབ་ཇུས་ཀྱི་གོ་གནས་ཁྱད་པར་ཅན་དང་གལ་འགངས་ཆེན་པོ་ཟིན་ཡོད་པས། སྔར་སྲོལ་ནང་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས། མཉམ་ལས་ཀྱི་སྟེགས་བུ་མང་པོ་བསྐྲུན་པར་འཚོལ་དཔྱོད་བྱས་ཏེ། མཉམ་ལས་གཏིང་ཟབ་ཀྱི་བྱེད་ཕྱོགས་དང་བྱེད་ཐབས་མང་པོ་རིམ་པར་གསར་གཏོད་བྱེད་རྒྱུར་འབད་མཐར། མཚོ་སྔོན་གྱི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ལིག་ཐའོ་བཅས་སོ་སོར་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།