རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་ཁུལ་གྱི་ཡུལ་གཞན་གནས་སྤོར་འབྲོག་པའི་བདེ་སྐྱིད་ཀྱི་འཛུམ་མདངས།

1741294_955836.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་ཁུལ་ནི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཆེས་ཆེ་བའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བདེ་བཀོད་ས་ཚིགས་ཡིན་ཞིང་། དབུལ་ཕོངས་མང་ཚོགས713སྔོན་ཆད་ཕྱུགས་འཚོ་བའི་འཚོ་བ་ལས་མཇུག་རྫོགས་ཏེ་ད་ལྟ་རྫོང་ཐོག་ཏུ་གཏན་སྡོད་བྱས་ཡོད་ལ། འབྲོག་མི་ནས་སྡོད་དམངས་བར་ཐོབ་ཐང་ལ་འགྱུར་ལྡོག་བྱུང་ཡོད་པ་མ་ཟད། འཚོ་བ་རོལ་སྟངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། 

ཟླ5བའི་ཚེས27ཉིན་སྡེ་ཁུལ་གསར་བ་འདི་རུ་འབྱོར་རྗེས། ང་ཚོའི་བཅར་འདྲི་བྱས་མྱོང་བའི་འབྲོག་པ་རེ་རེའི་གདོང་ན་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཞིང་། ཁོ་ཚོའི་ལྷད་མེད་ཀྱི་འཛུམ་མདངས་དང་གཤིས་འཇམ་གྱི་སྐད་ཆ་དེ་དག་གིས་ང་ཚོར་བག་ཆགས་ཟབ་མོ་བཞག

1741295_269134.png

1741296_665008.png

1741297_987746.png

1741298_402354.png

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།