“གློག་ཤུགས་མཁའ་ལམ”གྱི་འཁྱགས་སའི་རྨང་གཞི་རྒྱུན་མཐུད་བརྟན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གློག་ཤུགས་མཁའ་ལམ”——མཚོ་བོད་དྲ་སྦྲེལ་ལས་གྲྭའི་ལོ་འཁོར་ཞིབ་བཤེར་བཟོ་བཅོས་ཐེངས་བརྒྱད་པའི་འབྲས་བུ་ལས་མངོན་པར། ལས་གྲྭ་དེའི་ལམ་ཐིག་རྒྱུད་ཀྱི་ས་འོག་འཁྱགས་སའི་རིམ་པ་རྒྱུན་མཐུད་བརྟན་པོ་ཡོད་པ་དང་། གློག་སྐྱེལ་ལྕགས་སྒྲོམ་གྱི་རྨང་གཞིའི་ཚད་འཇལ་གྲངས་གཞི་ཚང་མ་རྒྱུན་གཏན་གྱི་ཁྱབ་ཁོངས་ནང་གནས་ཡོད་པས། འདི་ཚོའི་དབྱར་ཁ་བོད་ལྗོངས་ས་ཁུལ་གྱི་ཆར་ཆུ་འཛོམས་པའི་དུས་སུ་ཆུ་གློག་ལྷག་མ་ཕྱིར་སྐྱེལ་རྒྱུར་འགན་ལེན་ཐུབ་པ་རེད།

མཚོ་བོད་དྲ་སྦྲེལ་ལས་གྲྭའི་རིང་ཚད་ཡོངས་ལ་སྤྱི་ལེ2530ཟིན་པ་དེའི་ནང་ལམ་རྒྱུད་འཁྱགས་སའི་ས་ཁོངས་ཀྱི་རིང་ཚད་སྤྱི་ལེ565ཙམ་ཟིན་པ་དང་། དེའི་བར་དུ་ཐད་རྒྱུག་གློག་སྐྱེལ་ལྕགས་སྒྲོམ1207ཡོད་པ་དེས་ལྕགས་སྒྲོམ་རྨང་གཞིའི་སྤྱི་འབོར་གྱི་ཕྱེད་ཀ་ལྷག་ཙམ་ཟིན་ཡོད། ལས་གྲྭ་འདི་ནི་ད་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་གྲང་ཤོས་ཀྱི་ས་ཁུལ་དུ་བསྐྲུན་པའི་གཞི་ཁྱོན་ཆེ་ཤོས་དང་། ལོ་མང་གི་འཁྱགས་སའི་ཁུལ་རིང་ཤོས་བརྒལ་བའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད།

རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཞིབ་བཤེར་བཟོ་བཅོས་ཀུང་སིའི་སྐྱེལ་འདྲེན་བཟོ་བཅོས་དང་ཞིབ་བཤེར་བཟོ་བཅོས་པུའི་འགན་ཁུར་བ་ཀྲང་ལེང་གིས་ཡུན་རིང་བསྟུད་མར་འཁྱགས་སར་ལྟ་དཔྱད་ཚད་འཇལ་བྱེད་པ་ནི་གློག་ཤུགས་ལྕགས་སྒྲོམ་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད་པ་དང་། “གློག་ཤུགས་མཁའ་ལམ”གྱི་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་འགན་ལེན་ནུས་ལྡན་བྱེད་པའི་ཐད་གལ་འགངས་ཆེན་པོ་ཡོད་ཅེས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་སྐྱེལ་འདྲེན་བཟོ་བཅོས་དང་ཞིབ་བཤེར་བཟོ་བཅོས་སྡེ་ཚན་གྱིས་ལོ་ལྟར་གྱི་སྟོན་ཁ་དང་དགུན་ཁ་དང་། དགུན་ཁ་དང་དཔྱིད་ཀའི་དུས་ཚིགས་བརྗེ་སྐབས་འཁྱགས་སའི་ས་ཁོངས་ཀྱི་ལྕགས་སྒྲོམ་གྱི་རྨང་གཞི་ཉུང་མཐར་ཡང་ཐེངས་གསུམ་བརྟན་དུ་གཏོང་བ་དང་དེ་བཞིན་གློག་ཤིང་དང་ལྕགས་སྒྲོམ་ཀྱོག་ཚད་ལ་ཚད་འཇལ་བྱེད་ཀྱི་ཡོད། ལོ་རིམ་བྱུང་གི་འཁྱགས་སའི་རྨང་གཞིའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིར་དབྱེ་ཞིབ་དང་བསྡུར་བ་བཏང་བ་བརྒྱུད། དུས་ཐོག་ཏུ་འཁྱགས་སྦོས་ཐེབས་པ་དང་ས་རྟིང་དུ་ཟུག་པའི་རྐྱེན་གྱིས་རྨང་གཞིའི་བརྟན་པོའི་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཚད་ཁོང་དུ་ཆུད་ཐོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་རྒྱུར་སྟབས་བདེ་བསྐྲུན་པ་རེད།

ཆུ་གློག་ཐོན་ཁུངས་ཀྱི་དབྱར་ཁ་ཆར་ཆུ་འབེལ་པོ་དང་དགུན་ཁ་ཆར་ཆུ་དཀོན་པའི་དུས་ཚིགས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་རྐྱེན། བོད་དུ་དགུན་དུས་གློག་དཀོན་པ་དང་དབྱར་དུས་གློག་འབེལ་པོ་ཡོད་པའི་འགལ་ཟླ་སྔར་བཞིན་མངོན་གསལ་དོད་པོ་ཡོད། 2011ལོའི་ཟླ11པར་མཚོ་བོད་ཀྱི་དྲ་སྦྲེལ་ལས་གྲྭ་འཁོར་རྒྱུག་བྱས་པ་ནས་བཟུང་། དགུན་ཁར། “མཚོ་གློག་བོད་སྐྱེལ”དང་དབྱར་ཁར“བོད་གློག་མཚོ་སྐྱེལ”བྱས་ནས་འགལ་ཟླ་དེ་རྩ་བ་ནས་ཐག་གཅོད་ཐུབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།