རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་གྱི་ཞིབ་འཇུག་བྱེད་རིན་ཡོད་པའི་སྙན་ཞུའི་བསྐྱར་ཞིབ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་བེད་པུའུ་ཆུ་གློག་འཆར་གཞི་ཇུས་འགོད་སྤྱི་ཁྱབ་གླིང་གིས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་གྱི་ཞིབ་འཇུག་བྱེད་རིན་ཡོད་པའི་སྙན་ཞུའི་བསྐྱར་ཞིབ་གྲོས་ཚོགས་ཟླ་ལྔ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཟི་ལིང་ནས་ཚོགས། ཆུ་གློག་འཆར་གཞི་ཇུས་འགོད་སྤྱི་ཁྱབ་གླིང་གི་ཡོན་ཀྲང་ཧྲིན་ཧྥུན་ཧྲིན་དང་ཆེད་མཁས་པ་ཉིང་ཡོན། ཞུའུ་ལེན་ཞང་། མེ་ཅིན་ཧྲན། ཆུ་བེད་པུའུ་ཆུའི་ཐོན་ཁུངས་སི། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་བཅས་གྲོས་ཚོགས་ལ་ཞུགས། ཆུ་གློག་འཆར་གཞི་ཇུས་འགོད་སྤྱི་ཁྱབ་གླིང་གི་ཡོན་ཀྲང་གཞོན་པ་ལིག་ཀྲི་མེན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་གཏམ་བཤད།

ཡན་ཅིན་ཧའེ་ཡིས་བསྟན་དོན། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ནི་དུས་རབས་གསར་བའི་ནང་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཡིན་ལ། ཙོང་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་བཟོ་སྐྲུན་དང་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡང་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས་པ་མ་ཟད་རེ་བ་ཆེན་པོ་བཅངས་ཡོད་པ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་གྱི་དོན་སྙིང་ཧ་ཅང་ཆེ། ཆུ་བེད་པུའུ་ཆུ་གློག་འཆར་གཞི་ཇུས་འགོད་སྤྱི་ཁྱབ་གླིང་གིས་མཚོ་སྔོན་དུ་ཡོང་ནས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་གྱི་ཞིབ་འཇུག་བྱེད་རིན་ཡོད་པའི་སྙན་ཞུའི་བསྐྱར་ཞིབ་བྱ་བ་སྤེལ་བ་དེས། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ཐད་ནས་ཡང་བསྐྱར་གོམ་སྟབས་བརྟན་པོ་བསྒྱུར་བ་མཚོན་ཐུབ། ཞིང་ཆེན་ཡོངས་ཀྱིས་ངེས་པར་དུ་རྒྱལ་ཁ་ལེན་པའི་ཕུགས་འདུན་བརྟན་པོས། ལས་གཞི་སྤེལ་བའི་རྐྱེན་སྲོལ་དང་བཟོ་སྐྲུན་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། ད་ལོའི་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་བརྩོན་ལེན་བྱེད་པ། འབད་འཐབ་ལྷོད་མེད་ཀྱིས་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།