རྡོ་རྗེ་རབ་བརྟན་རྐང་ཚ་རྫོང་དུ་སོང་སྟེ་བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་དུ་སོང་སྟེ་བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་རྐང་ཚ་རྫོང་གི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཁོངས་གཏོགས་ལས་ཁུངས་དང་ཞང་དང་གྲོང་རྡལ། སྡེ་བ་རིམ་པའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག དེ་མིན་མང་ཚོགས་ཀྱི་འཐུས་མི་བཅས་དང་བཞུགས་མོལ་བྱས་པར་མ་ཟད། རྫོང་བོད་སྨན་ཁང་དང་ཞིང་ལས་སྣ་འཛོམས་ཚོང་ར་སོགས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། དེང་སྐབས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་རྒྱུན་མཐུད་སྒོས་ཇེ་ཆེར་འགྲོ་བ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལས་འགན་ཧ་ཅང་ལྕི་བའི་གནས་བབ་ཀྱི་མདུན་དུ་ཆོད་སེམས་ཇེ་བརྟན་དུ་བཏང་ཞིང་དཀའ་ཁག་ཁྱད་སེལ་བྱས་པ་དང་སྤོབས་པ་ཆེར་བསྐྱེད་སྒོས་འབད་འཐབ་བྱས་ནས། གནད་ཕིགས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཁུལ་ཁོངས་གནས་སྐོར་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཕྱོགས་སུ་གྲུབ་འབྲས་མངོན་གསལ་བླངས་པ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བའི་ཐད་ལ་རྨང་གཞི་བརྟན་པོ་བཏིང་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྐང་ཚ་རྫོང་གིས་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཕྱིན་ཆད་ཀྱང་མུ་མཐུད་དུ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་། བཅོས་སྐྱོང་བྱེད་ཐབས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕན་འབྲས་ཇེ་མང་དུ་བཏང་ནས། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ཐད་ལ་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།