དུས་ཚིགས་དང་པོར་མཚོ་སྔོན་གྱི་ཞིང་སྡེའི་སྡོད་དམངས་ཡོང་སྒོ་འཕར་བ་མངོན་གསལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱལ་ཁབ་སྡོམ་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་གསལ་བསྒྲགས་བྱས་པའི་གཞི་གྲངས་ལས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། མཚོ་སྔོན་གྱི་སྡོད་དམངས་ཡོངས་ཀྱི་མི་རེའི་བཀོལ་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར5822ཡིན་ལ། ན་ནིང་གི་དུས་མཉམ་ལས9.3%འཕར་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་མྱུར་ཚད་ལས་བརྒྱ་ཆའི་ཆ0.6གིས་མཐོ་བས། ཇེ་མགྱོགས་སུ་སོང་བའི་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན31(གྲོང་ཁྱེར་དང་ཆུས)ལས་ཨང་རིམ10པ་ཟིན་ཡོད། དེའི་ནང་ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་བཀོལ་ཆོག་པའི་ཆ་སྙོམས་ཡོང་འབབ9.9%་པ་དེ། རྒྱལ་ཡོངས་ཀྱི་ཆ་སྙོམས་མྱུར་ཚད་ལས་བརྒྱ་ཆའི་ཆ1.1གིས་མཐོ་བས། ཇེ་མགྱོགས་སུ་སོང་བའི་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན31(གྲོང་ཁྱེར་དང་ཆུས)ལས་ཨང་རིམ3པ་ཟིན།

གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར། ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་ཡོང་འབབ་གྲུབ་སྟངས་གཞི་རྩའི་ཐོག་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱས་ཡོད་ལ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་ནུས་པ་གལ་ཆེན་བཏོན་ཏེ། ཕན་ནུས་ལྡན་པའི་འདེགས་སྐྱོར་གྱི་ནུས་པ་ཐོན། ཞིང་སྡེའི་སྡོད་དམངས་ཆ་སྙོམས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར1370ཡིན་པ་དང12.4%འཕར།

གློག་རྡུལ་ཚོང་ལས་ཐོན་ལས་རྒྱུད་ཀྱི་སྐུལ་ཁྲིད་དང་དེ་མིན་མཚོ་སྔོན་གྱི་སྐམས་ལུག་ཤའི་སྙན་གྲགས་ཇེ་ཆེར་སོང་པ་བཅས་ཀྱི་ཤུགས་རྐྱེན་ཐེབས་སྟབས། ཞོག་ཁོག་དང་སྔོ་ཚོད། སྐམས་ཤ། ལུག་ཤ་བཅས་ཞིང་ཕྱུགས་ཐོན་རྫས་འགའི་རིན་གོང་འཕར་ཞིང་།གྲོ་དང་འཁོར་རྒྱུག་ཚོ་གསོ་ལུག་དང་འཁོར་རྒྱུག་ཚོ་གསོ་ནོར་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་འགའ་ཕྱིར་འཚོང་བྱས་པའི་ཚད་ཇེ་མང་དུ་སོང་པ་དེས། ཞིང་སྡེའི་སྡོད་དམངས་ཀྱི་ཐོན་ལས་དང་པོའི་ཡོང་འབབ་འཕར་ཚད་ཇེ་མགྱོགས་སུ་འགྲོ་བར་ནུས་ལྡན་སྒོས་འདེགས་སྐྱོར་བྱས་པས། དུས་ཚིགས་དང་པོར། ཞིང་སྡེའི་སྡོད་དམངས་ཀྱི་ལས་གཉེར་ཡོང་འབབ་རྐྱང་བ་སྒོར812ཡིན་པ་དང13.2%འཕར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།