རྡོ་རྗེ་རབ་བརྟན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་ཞང་ཀང་དང་ཨོ་མིན་ལ་སློབ་སྦྱོང་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་ཞང་ཀང་དང་ཨོ་མིན་ལ་སོང་ནས་འབྲེལ་ཡོད་བྱ་བར་རྟོག་ཞིབ་སློབ་སྦྱོང་བྱས། རྟོག་ཞིབ་སློབ་སྦྱོང་བྱེད་སྐབས་སྔ་གཞུག་ཏུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ཏུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཐེ་ཉིག་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ཏུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧྥུའུ་ཙི་དབྱིན། ཞང་ཀང་དམིགས་བསལ་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཐུན་འབྲེལ་ལྷན་ཚོགས་དང་ཨོ་མིན་ས་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་གྱི་མཐུན་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣར་ཐུག་འཕྲད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་གཉིས་ཕན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

རྡོ་རྗེ་རབ་བརྟན་གྱིས་སློབ་སྦྱོང་རྟོག་ཞིབ་བྱེད་སྐབས་མཚོ་སྔོན་གྱི་ཞང་ཀང་དང་ཨོ་མིན་མཐུན་འབྲེལ་ལྷན་ཚོགས་དངོས་སུ་བཙུགས་པ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་བགོས་མཛད་སྒོར་ཞུགས་ནས་གཏམ་བཤད། རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། མཚོ་སྔོན་གྱི་ཞང་ཀང་དང་ཨོ་མིན་མཐུན་འབྲེལ་ལྷན་ཚོགས་ནི་མཚོ་སྔོན་དང་ཞང་ཀང་། ཨོ་མིན་བཅས་ཀྱི་བརྗེ་རེས་མཉམ་ལས་བྱ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཞང་ཀང་དང་ཨོ་མིན་བརྟན་འཇགས་དར་རྒྱས་ཡོང་བར་བྱེད་པ་དང་མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་རྒྱ་སྔར་ལས་ཆེ་རུ་བསྐྱེད་པ། རྒྱུད་གཅིག་ལམ་གཅིག་དང་། ཞང་ཀང་དང་ཨོ་མིན་ས་ཁུལ་འཛུགས་སྐྲུན་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། མཐུན་འབྲེལ་ལྷན་ཚོགས་གྱིས་སྔར་ལས་རང་རྟོགས་འབད་འབུངས་བྱེད་དགོས་པ་བཞི་སྣེ་སྟོན་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་བྱ་འགུལ་གྱི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱ་བའི་ཕན་འབྲས་ཇེ་དྲག་ཏུ་གཏོང་བར་འབད་དེ། ཞང་ཀང་དང་ཨོ་མིན། མཚོ་སྔོན་བཅས་ཀྱི་འཕེལ་རྒྱས་ལས་དོན་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཞང་ཀང་དང་ཨོ་མིན་ཨུ་ཡོན་རྣམས་ཀྱིས་རྡོ་རྗེ་རབ་བརྟན་རྟོག་ཞིབ་སློབ་སྦྱོང་དུ་ཡོང་བར་གདེང་འཇོག་ཚད་མཐོན་པོ་བྱས། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་ཞང་ཀང་དང་ཨོ་མིན་མཐུན་འབྲེལ་ལྷན་ཚོགས་དངོས་སུ་བཙུགས་པའི་གོ་སྐབས་དང་བསྟུན་ནས། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགན་ནུས་ལག་བསྟར་ནན་མོ་བྱེད་པ། ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་གཉིས་ཕན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞང་ཀང་དང་ཨོ་མིན་དུས་ཡུན་རིང་བོར་དར་རྒྱས་བརྟན་འཇགས་ཡོང་བར་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།