མཚོ་ཤར་གྲོང་ཁྱེར་གྱིས་བུད་མེད་ཞོར་ལས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ཁང་ཐོག་མ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ཤར་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཞིང་ཆེན་གཞན་པ་སོགས་ཕྱི་ཡུལ་དུ་ཕྱིན་ཏེ། དེ་གར་ཞོར་ལས་བྱེད་པའི་མཚོ་ཤར་གྲོང་ཁྱེར་གྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་རྟོག་ཞིབ་བྱས་པ་མ་ཟད། ད་དུང་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་སུའུ་ཀྲོའུ་གྲོང་ཁྱེར་རུ་བཅའ་སྡོད་བྱེད་པའི་དཔལ་འབྱོར་ཞབས་ཞུའི་དོན་གཅོད་ཁྲུའུ་རུ་མཚོ་ཤར་གྱི་མི་ཡིན་པའི་བུད་མེད་ཞོར་ལས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་ས་ཚིགས་ཐོག་མ་བཙུགས་པ་རེད།

ཉེ་བའི་ལོ་ཤས་རིང་།འཐེན་ཐུག་ནི་མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲགས་ཅན་ཐོན་རྫས་སུ་གྱུར་ཡོད་པ་མ་ཟད། ད་དུང་མཚོ་ཤར་གྱི“དབུལ་སྐྱོར་ཐེན་ཐུག”དང“ཕྱུག་འགྱུར་འཐེན་ཐུག” “བདེ་སྐྱིད་འཐེན་ཐུག”བཅས་སུ་གྱུར་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལྷག་པར་དུ་ཕྱི་ལོགས་སུ་འཐེན་ཐུག་ཐོན་ལས་འཕེལ་རྒྱས་ཕྱིན་པས་ས་གནས་ཀྱི་དཔལ་འབྱོར་སྐུལ་ཁྲིད་ཐུབ་པ་མ་ཟད།ཕ་ཡུལ་གྱི་མི་དམངས་ལའང་མིག་དཔེ་བསྟན་ནས་ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ནུས་གལ་ཆེན་ཞིག་རེད། འོན་ཀྱང་འཐེན་ཐུག་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁྱིམ་ཚང་གི་ཞོར་ལས་མི་ཚོགས་ཁྲོད་བུད་མེད་དང་བྱིས་པའི་དཔལ་འབྱོར་དང་།གཉེན་སྒྲིག སློབ་གྲྭར་སྐྱོད་པ་སོགས་ཁེ་དབང་གི་གནད་དོན་རབ་དང་རིམ་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཏེ། བུད་མེད་དང་བྱིས་པའི་མི་འབོར་གྱིས་ཕྱེད་ཀ་ཡན་བཟུང་ཡོད་པས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ནུས་གལ་ཆེན་ཞིག་ཡིན།

མཚོ་ཤར་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་སྲིད་ཀྱིས་སེམས་ཁྲལ་བྱེད་པ་དང་།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲུབ་ཐུབ་པ།བུད་མེད་ལ་དགོས་མཁོ་ཡོད་པ”བཅས་ཀྱི་ལས་ཀའི་བླང་བྱར་གཞི་བཟུང་སྟེ། བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། བུད་མེད་ལས་དོན་སྤེལ་རྒྱ་ཆེ་རུ་བཏང་སྟེ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་ལས་དོན་སྤེལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། གྲོང་ཁྱེར་དེ་བུད་མེད་ཞོར་ལས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས་བཙུགས་རྗེས། ཁེ་དབང་སྲུང་སྐྱོང་ཞབས་ཞུ་དེ་ཞིང་ཆེན་ཕྱི་དང་བུད་མེད་ཀྱི་ཉེ་འགྲམ་དུ་བསྐྱོད་དེ། འཐེན་ཐུག་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྲོལ་སྔོན་བཏོད་ཡོད། དེའི་མཚོ་ཤར་གྲོང་ཁྱེར་གྱིས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་ཆུ་ཚད་གསར་པ་ཞིག་ཏུ་བསླེབས་པར་མཚོན་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་སུའུ་ཀྲོའུ་གྲོང་ཁྱེར་དུ་ལས་ཀ་གནང་མཁན་མཚོ་ཤར་གྱི་མི་ཡིན་པའི་ལས་གཉེར་བུད་མེད་ཀྱི“དྲ་ཐོག་བུད་མེད་ཁྱིམ་ཚང”བཙུགས་ཏེ། “དྲ་ཐོག་བུད་མེད་ཁྱིམ་ཚང”གི་འགན་འཁུར་མི་སྣ་བདམས་ནས་མཚོ་ཤར་གྲོང་ཁྱེར་སུའུ་ཀྲོའུ་ཡི་ལས་གཉེར་བུད་མེད་ཚོས་ཕན་ཚུན་ལ་རེས་རོགས་དང་། ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་སྟེགས་བཙུགས་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།