ཀོ་ཧྭ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སོང་ནས་ཞང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀོ་ཧྭ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་དང་རྨ་ནུབ་གྲོང་རྡལ། རྨ་ཤར་གྲོང་རྡལ། དཀར་བརྗིད་ཞང་བཅས་སུ་སོང་སྟེ་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་ཁུལ་དང་རྫོང་གི་དམངས་ཆེན་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། དམངས་ཆེན་འཐུས་མི་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།

ཀོ་ཧྭ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་རྗེས་སུ། མཚོ་ལྷོ་ཁུལ་དམངས་ཆེན་གྱིས་ཚད་མཐོན་པོས་དོ་སྣང་བྱས་ཏེ། འབྲེལ་ཡོད་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། མྱུར་དུ་བྱ་འགུལ་གྱི་བྱེད་ཕྱོགས་ཇུས་གཞི་བཟོས་པས། བྱ་བ་ལ་གོ་རིམ་ལྡན་ཞིང་འགོ་ཡག་པོ་ཞིག་བརྩམས་ཡོད་ཅིང་། བྱ་བའི་བྱེད་ཕྱོགས་མཐུས་ཚང་དང་གསར་སྐྲུན་བྱེད་པར་རྨང་གཞི་ལེགས་པོ་བཏིངས་ཡོད་ཟེར།

ཀོ་ཧྭ་ཡིས་ནན་གྱིས་བསྟན་དོན། ཞང་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལོའི་བྱ་འགུལ་ལ་ཕན་འབྲས་འབྱུང་བར་སྐུལ་འདེད་བཏང་ནས། ཏང་ཨུའི་འགོ་ཁྲིད་ལ་ཤུགས་བསྣོན་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དེ་འཐུས་ཚང་དང་རྒྱུན་འཁྱོངས་སྒོས་ཚད་མཐོ་ས་ནས་འགོ་བརྩམས་ཏེ། དམངས་ཆེན་བྱ་བ་དེ་ཏང་ཨུའི་བྱ་བའི་སྤྱིའི་བྱེད་ཕྱོགས་ཁྲོད་ཚུད་པར་བྱས་ཏེ། ཉིན་རེའི་གྲོས་རིམ་གལ་ཆེན་ཁྲོད་འཇོག་པ་དང་། གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་མི་འདང་ས་འཚོལ་ཞིབ་བྱེད་པ་དང་། ཞན་ཆ་ཁ་གསབ་བྱས་ཏེ། ཞང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བ་དེ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།