མ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་སྲིད་གྲོས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་མ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་གཞི་རིམ་སྲིད་གྲོས་བྱ་བར་རྟོག་ཞིབ་བྱས་ནས། སྲིད་གྲོས་ཨུ་ཡོན་གྱིས་རང་གི་ནུས་པ་ཇི་ལྟར་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཐད་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཚང་མའི་བསམ་འཆར་ལ་ཉན། ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་ཏོན་ཧྥ་ཏྰ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་བྱ་བའི་སྙན་ཞུ་ཕུལ་བ་རེད།

བཞུགས་མོལ་ཚོགས་འདུའི་སྟེང་། ཏོན་ཧྥ་ཏྰ་ཡིས་ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གྲོས་མོལ་དམངས་གཙོའི་ལག་ལེན་གཏིང་ཟབ་དུ་གཏོང་བ། ཞིབ་བཤེར་ཞིབ་འཇུག་ཐད་ཤུགས་སྣོན། དམངས་གཙོ་ལྟ་སྐུལ་གྱི་ཕན་ནུས་ཇེ་དྲག་ཏུ་གཏོང་བ། “དཔུང་སྡེ་གཉིས”འཛུགས་སྐྲུན་ཐད་ཤུགས་སྣོན་སོགས་ཀྱི་ཐད་ནས་བྱ་བའི་སྙན་ཞུ་ཕུལ་བ་བ་དང་། སྲིད་གྲོས་ཨུ་ཡོན་ཁ་ཤས་ཀྱིས་ཨུ་ཡོན་གྱིས་གཙོ་གནད་ཀྱི་ནུས་པ་ཇི་ལྟར་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཐད་ནས་གཏམ་བཤད་གནང་བ་མ་ཟད་བསམ་འཆར་དང་གྲོས་འགོ་བཏོན།

ཀྲུའུ་ཞི་གཞོན་པ་མ་ཧེ་དབྱིན་གྱིས་ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བསྟན་དོན། ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལས་དོན་ཁག་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཕྱོགས་ལྔའི་ཐད་ཀྱི་ཁྱད་ཆོས་མངོན་ཡོད་དེ། གཅིག་ནི་སྲིད་གྲོས་མ་ལག་གི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་མཚོན་པ། གཉིས་ནི་གྲོང་ཁྱེར་ཏང་ཨུའི་ལྟེ་བའི་ལས་དོན་གྱི་སྲིད་གླེང་ཇུས་འདོན་ལ་དམ་པོར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་སྒྱུར་བཅོས་དང་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསུམ་ནི་ལམ་ལུགས་དང་ལམ་སྲོལ་ཁག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་གྲོས་མོལ་སྲིད་གླེང་བྱེད་པར་སྒྲིག་ལམ་ཡོད་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་པ། བཞི་ནས་སྲིད་དོན་སྐྱོང་རོགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ་སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནི་སྲིད་གྲོས་ཨུ་ཡོན་གྱི་གཙོ་གནད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་སྲིད་གྲོས་ཀྱི་བྱ་བའི་གསོན་ཤུགས་ནུས་ལྡན་སྒོས་ཆེ་རུ་གཏོང་བ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།