མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ལྟ་ཞིབ་དང་ཁྲིམས་འཛིན་སྐོར་ཞིབ་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཚོགས་ནས།  ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་འདྲི་གཅོད་ལས་དོན་ལྟ་ཞིབ་དང་།  ཁྲིམས་འཛིན་སྐོར་ཞིབ་བྱ་བའི་འབྲེལ་ཡོད་གནས་ཚུལ་སྤྱི་ཚོགས་ལ་བསྒྲགས་པ་རེད།

ད་ལོར།  འདྲི་གཅོད་ལྟ་ཞིབ་ཀྱི་ནང་དོན་གཙོ་བོར་ཕྱོགས་ལྔ་འདུ་བ་སྟེ།  ཀྲུང་དབྱང་གི་རྣམ་གྲངས་བརྒྱད་ཀྱི་གཏན་ཁེལ་དགོངས་དོན་ལ་འགལ་བའི་གནད་དོན་དང་།  འདྲི་གཅོད་ལག་བསྟར་བྱེད་པ་སོགས་བྱ་བའི་འགན་འཁྲི་ཕྱོགས་ཀྱི་གནད་དོན།  ཁྲིམས་འཛིན་ཕྱོགས་ཀྱི་གནད་དོན།  ཉིན་རྒྱུན་གྱི་ལྟ་ཞིབ་དོ་དམ་ཕྱོགས་ཀྱི་གནད་དོན།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གོང་རིམ་ཁྲིམས་ཁང་དང་ཁྲིམས་འཛིན་སྲིད་ཇུས།  བཅོས་བསྒྱུར་བྱེད་ཐབས།  བྱ་བའི་བཀོད་སྒྲིག་དངོས་འབེབས་ཕྱོགས་ཀྱི་གནད་དོན་བཅས་ཡིན།  ཁྲིམས་འཛིན་སྐོར་ཞིབ་ཀྱི་ནང་དོན་གཙོ་བོར་ཕྱོགས་དྲུག་ནས་བརྗོད་པ་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དངོས་འབེབས་སློབ་སྦྱོང་དང་འགོ་ཁྲིད་ཚན་ཁག་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་གྱི་གནས་ཚུལ།  ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པའི་གནས་ཚུལ།  འདྲི་གཅོད་ལག་བསྟར་དོ་དམ་འགན་འཁྲིའི་གནས་ཚུལ།   ཁྲིམས་འཛིན་སྲིད་དོན་གཙང་སྐྱོང་བྱེད་པའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་བསྐྱར་འཛུགས་བྱེད་པའི་གནས་ཚུལ།   ཁྲིམས་ཀྱིས་ནན་སྐྱོང་བྱེད་པའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པའི་གནས་ཚུལ།   ཉིས་སྟོང་བཅོ་བརྒྱད་ལོའི་ཁྲིམས་འཛིན་སྐོར་ཞིབ་དག་སྒྲིག་དངོས་འབེབས་བྱ་བའི་གནས་ཚུལ་སོགས་འདུས་ཡོད།

མཚམས་སྦྱོར་བྱས་པ་ལས།  འདྲི་གཅོད་ལྟ་ཞིབ་དང་ཁྲིམས་འཛིན་སྐོར་ཞིབ་བྱ་འགུལ་ནན་ཏན་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བས།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་མངལ་ཁུལ་ཁྲིམས་ཁང་གི་འགན་འཁྲི་ཁུར་ལེན་དང་།  ཁྲིམས་འཛིན་སྤྱོད་ཚུལ་སོགས་སུ་གནས་པའི་གནད་དོན་དང་མི་འདང་ས་ངོས་འཛིན་གསལ་བོར་བྱེད་པ་དང་། ལྟ་སྐུལ་དོ་དམ་ཕྱོགས་སུ་གནས་པའི་གནད་དོན་གསལ་བོར་ངེས་པར་སྐུལ་འདེད་བཏང་།  ཕྱོགས་ཀུན་དང་བརྒྱུད་རིམ་ཧྲིལ་བོའི་ལྟ་ཞིབ་བརྟག་དཔྱད་དང་བྱེ་བྲག་གི་གནད་དོན་རེ་རེ་ཐག་གཅོད་བྱས་པ་བརྒྱུད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་ལས་སྒྲུབ་མི་སྣས་ནན་ཏན་དང་།  དྲང་བདེན།  སྤྱོད་གཙང་དང་།  དཔལ་ཡོན་ཁྲིམས་འཛིན་བྱེད་པར་སྐུལ་འདེད་བཏང་ནས།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གི་ལས་དོན་ཁག་མཐོར་འདེགས་དང་ཁྲིམས་འཛིན་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པར་རྒྱུན་མཐུད་སྐུལ་སྤེལ་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།