ཐེམ་ཆེན་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲིལ་སྒྲོག་བྱ་འགུལ་སྤེལ་བར་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་ཁུལ་མང་ཚོགས་ཀྱིས་བྱི་ནད་དང་ཏཱེན་མི་འདང་བའི་ནད།  ཐུམ་འབུའི་ནད།  རུས་ནད་སོགས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཀྱི་གསལ་འབྱེད་ཚད་མཐོར་འདེགས་གཏོང་བ་དང་།  ནད་འགོག་འདུ་ཤེས་ཤུགས་དྲག་ཏུ་བཏང་བ།  རང་བདག་སྔོན་འགོག་ནུས་པ་མཐོར་འདེགས། སྔར་ལས་ལྷག་པར་ས་གནས་ཀྱི་ནད་སྔོག་འགོག་ཤེས་བྱའི་བདེ་ཐང་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་ཆེད།  ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཞིན་ཡོན་གྲོང་རྡལ་གྱི་གཞིས་ཁུལ་དུ་ས་གནས་ནད་སྔོག་འགོག་ཤེས་བྱའི་དྲིལ་སྒྲོག་བྱ་འགུལ་སྤེལ།

དྲིལ་སྒྲོག་བྱ་འགུལ་སྤེལ་སྐབས།  མང་ཚོགས་མང་པོས་རང་འགུལ་གྱིས་ས་གནས་ནད་ཀྱི་འབྲེལ་ཡོད་ཤེས་བྱ་དང་ཐུམ་འབུའི་ནད་ཀྱི་སྔོག་འགོག་ཕན་བདེ་སྲིད་ཇུས་སོགས་འདྲི་རྟོགས་གསལ་བོ་བྱེད་པ་དང་།  ཆེད་ལས་མི་སྣས་སྒྲོག་འགྲེལ་ཞིབ་ཚགས་ལྡན་པ་བྱས།  བོད་རྒྱ་སྐད་གཉིས་ཀྱི་ལས་བྱེད་པ་མངགས་ནས་ཡུལ་དངོས་སུ་འདྲི་རྟོགས་གསལ་འབྱེད་སོགས་བྱས་པས་བྱ་འགུལ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།