ཐུན་རིན་རྗོང་འཇའ་མོའི་དཔེ་མཛོད་ཁང་གིས་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་བསུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། ཐུན་རིན་རྗོང་འཇའ་མོའི་དཔེ་མཛོད་ཁང་དུ་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་སློབ་མ་ལྔ་བཅུ་ལྷག་འཛོམས་ནས་དཔེ་ཀློག་དང་དེའི་དགེ་མཚན་སྐོར་ནས་གཏམ་བཤད་སྤེལ།

ཐོག་མར་དཔེ་མཛོད་ཁང་གི་དོ་དམ་པ་མཁའ་འབུམ་རྒྱལ་གྱིས་མཛད་སྒོར་འགོ་འཛིན་བྱས་པ་དང་། རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་དང་འབྲེལ་ནས་བྱ་འགུལ་སྤེལ་བའི་དགོས་པ་དང་དམིགས་ཡུལ་ངོ་སྤྲོད་བྱས། དེའི་རྗེས་རྫོང་མི་རིགས་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭའི་སློབ་མ་རི་ལུང་འཚོ་ཡིས་བརྩམས་སྒྲུང《གཙུག་གཡུ》བཀླགས་རྗེས་ཀྱི་མྱོང་ཚོར་དང་འབྲེལ་ཡོད་ནང་དོན་ངོ་སྤྲོད་བྱས་པ་དང་། སློབ་གྲོགས་གཡང་དཀར་སྒྲོལ་མས་དཔེ་ཀློག་གི་སྐོར་ནས་རང་ཉིད་ཀྱི་བསམ་ཚུལ་གང་མང་ལྷུག་པོར་བརྗོད་བྱུང་ལ། སློབ་གྲོགས་རྡོ་རྗེ་སྒྲོལ་མ་སོགས་ཀྱིས་ཁ་གསབ་ཀྱི་ཚུལ་དུ་རང་རང་སོ་སོ་ནས་དཔེ་ཀློག་ཐད་ཀྱི་བསམ་ཚུལ་རེ་འགའ་ལྷུག་བརྗོད་གནང་།

མཇུག་མཐར་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཤ་བོ་ནམ་མཁའ་ནས་སྤྱི་བསྡོམས་དང་སྦྲགས་དཔེ་ཀློག་གི་དགེ་མཚན་དང་དཔེ་ཀློག་ཇི་ལྟར་བྱེད་དགོས་ཚུལ་སྐོར་གྱི་གཏམ་བཤད་གནང་ནས་ཐེངས་འདིའི་བྱེད་སྒོ་མཇུག་བསྡུས།

WechatIMG134.jpeg

དགེ་རྒན་མཁའ་འབུམ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པའི་ཚུལ།

1556069043506089.jpeg

མཐོ་གཉིས་འཛིན་གྲྭའི་སློབ་མ་རི་ལུང་འཚོ་ཡིས་གཏམ་བཤད་གནང་བཞིན་པའི་ཚུལ།

1556069054845854.jpeg

སློབ་གྲོགས་གཡང་དཀར་སྒྲོལ་མས་གཏམ་བཤད་གནང་བཞིན་པའི་ཚུལ།

WechatIMG131.jpeg

སློབ་གྲོགས་རྡོ་རྗེ་སྒྲོལ་མས་གཏམ་བཤད་གནང་བཞིན་པའི་ཚུལ།

1556069075385710.jpeg

དགེ་རྒན་ཤ་བོ་ནམ་མཁའ་ནས་སྤྱི་བསྡོམས་བྱེད་བཞིན་པའི་ཚུལ།

WechatIMG133.jpeg

དགེ་སློབ་ལྷན་རྒྱས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།