རྨ་ལྷོ་ཁུལ་གྱི་ཉིས་སྟོང་བཅུ་དགུ་ལོའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་ནས་བསྡུས།

20190423092011EPac.jpg

ཚོགས་རའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་ཟི་ལིང་སོ་ཧྥེ་ཐི་མགྲོན་ཁང་དུ་སྡུད་བཞིན་པའི“ནུབ་ཡུལ་གྱི་གནས་མཆོག ངོ་མཚར་གྱི་རྨ་ལྷོ”ཞེས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་བསྡུས་པའི་ཉིས་སྟོང་བཅུ་དགུ་ལོའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་བར་སྔར་ལས་ལྷག་པས་ཤུགས་སྣོན་རྒྱག་པ་དང་། རིག་གནས་བྱ་འགུལ་དང་འབྲེལ་བའི་མིང་གྲགས་ཐོན་རྫས་ལེགས་པོ་བསྐྲུན་པ། རྒྱལ་ཡོངས་སུ་ཤུགས་རྐྱེན་བཟོ་ཐུབ་པའི་རིག་གནས་ཡུལ་སྐོར་གྱི་རྟེན་གཞི་ཆེ་གྲས་འཛུགས་པ་བཅས་དམིགས་འབེན་དུ་བཟུང་ནས། ད་ལོར་རྨ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་སོ་ལྔ་ལ་བརྟེན་ནས“ནུབ་ཡུལ་གྱི་གནས་མཆོག”བསྐྲུན་རྒྱུ་དང་རྨ་ལྷོའི་མཚར་ཉམས་ཀྱིས་ཕྱུག་པའི་གཏམ་རྒྱུད་ཕྱོགས་ཀུན་ལ་འཆད་འགོ་བརྩམས་པ་མངོན་པར་བསྒྲགས།

20190423092141XMTH.jpg

རིག་དངོས་འགྲེམ་སྟོན་གྱི་རྣམ་པ།

ཉིས་སྟོང་བཅུ་དགུ་ལོའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱིས་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་དང་གཡང་མདའ་རྟགས་མའི་འགྲན་སྡུར། ནཱ་ཏ་མུའུ་རྟ་རྒྱུགས་འགྲན་ཚོགས་སོགས་ཁྱད་ལྡན་བྱ་འགུལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་བསྡོམས་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་སོ་ལྔ་བསྒྲུབ་རྒྱུ་རེད། དེའི་ཁྲོད་དུ་དུས་ཆེན་གྱི་རྣམ་གྲངས་བརྒྱད་དང་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་གྲངས་བདུན། འགྲེམ་ཚོགས་ཀྱི་རྣམ་གྲངས་ལྔ། འགྲན་སྡུར་གྱི་རྣམ་གྲངས་བཅོ་ལྔ་བཅས་ཡོད། ཁྱད་པར་དུ་ད་ལོའི་ཟླ་བདུན་པ་ནས་དགུ་བའི་བར་དུ། རྨ་ལྷོ་ཁུལ་སྲིད་གཞུང་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མཉམ་འབྲེལ་བྱས་ཏེ། རྒྱུན་འཛིན་དང་མཉམ་འདྲེས། གསར་གཏོད། འཕེལ་རྒྱས་བཅས་བརྗོད་དོན་དུ་བཟུང་ནས། དམངས་སྲོལ་གྱི་ཉམས་སྣང་ལ་རོལ་བ་དང་ཐང་ཀ་རིག་གནས་ཀྱི་མཚར་སྡུག་ལ་བལྟ་བ། གནའ་བོའི་གནས་རྙིང་མྱུལ་བ། རོ་བརྒྱ་ལྡན་པའི་ཟས་བཅུད་མྱོང་བ་བཅས་དམིགས་འབེན་ཏུ་བརྩིས་ཏེ།  མཚོ་སྔོན་རེབ་གོང་གི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ཐོག་མ་བསྒྲུབ་པར་སྟ་གོན་གང་ལེགས་བྱས་ནས།  རྨ་ལྷོའི་རིག་གནས་དང་ཡུལ་སྐོར་གྱི་མཚན་སྙན་སྔར་ལས་ཇེ་རྒྱས་ཇེ་གྲགས་སུ་གཏོང་བར་འབད་འབུངས་བྱེད་རྒྱུ་རེད།

20190423092442dgUx.jpg

རིག་དངོས་འགྲེམ་སྟོན་གྱི་རྣམ་པ།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། རྨ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་དང་འབྲེལ་བའི་ཁེ་ལས་སྡེ་ཚན་ལྔ་བཅུ་ཆེད་དུ་རྩ་འཛུགས་བྱས་ཏེ། ཐང་ཀ་དང་གོས་དྲུབས། འཇིམ་བཟོ། མདའ་གཞུ། རྡོ་བརྐོས། བཀའ་བསྟན་གསེར་བྲིས། ལྷམ་བཟོ། མི་རིགས་ཀྱི་ལག་ཤེས་ཐོན་རྫས་སོགས་ཆེས་ཆེར་འགྲེམ་སྟོན་བྱས་པར་མ་ཟད། རྨ་ལྷོའི་ཟློས་གར་དང་རེབ་གོང་གི་དྲུག་པའི་ཀླུ་རོལ་ཆེན་མོ་སོགས་ཀྱི་མཚར་ཉམས་གར་སྟེགས་སྟེང་ནས་ཅིག་ཅར་ངོམ།

201904230922066VoD.jpg

རིག་དངོས་འགྲེམ་སྟོན་གྱི་རྣམ་པ།

20190423092508dOl7.jpg

འཁྲབ་སྟོན་གྱི་རྣམ་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།