མཱ་ཅི་ཞའོ་ཡིས་གཙང་གསུམ་སྡེ་ཚོགས་ཀྱི་བཟོ་ཚོགས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས། གཙང་གསུམ་སྡེ་ཚོགས་ཀྱི་བཟོ་ཚོགས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་འབད་དེ། དཀའ་ཁག་ཆེ་བའི་ལས་བཟོ་བ་ཡི་དཀའ་ཁག་སེལ་བའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས་ཟེར།

མཱ་ཅི་ཞའོ་ཡིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་དམིགས་འབེན་དང་འོས་འགན་དཀྱིལ་སྙིང་དུ་བཟུང་ནས། ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། བཟོ་ཚོགས་སྤྱིའི་དཀའ་ཁག་ཆེ་བའི་ལས་བཟོ་བ་དཀའ་ངལ་ལས་ཐར་བར་བྱེད་པའི་བཀོད་སྒྲིག་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། གནད་ཕིགས་ཁག་བགོས་ཀྱི་སྲིད་ཇུས་དངོས་འབེབས་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། དཀའ་ངལ་ཆེ་བའི་ལས་བཟོ་བ་ཡི་དཀའ་ཁག་སེལ་རོགས་བྱེད་པའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་མཐར། དཀའ་ཁག་ཆེ་བའི་ལས་བཟོ་བ་ཚང་མ་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་བགྲོད་ལམ་སྟེང་བསྐྱོད་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།