མཱ་ཝེ་ཟི་ལིང་གྲོང་ཁྱེར་གྱི་སྟོང་སྐོར་རྫོང་དང་མཁར་བྱང་ཁུལ་དུ་སོང་ནས་ཞང་གྲོང་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་ཉིན་གཉིས་ལ། མཚོ་སྔོན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཟི་ལིང་གྲོང་ཁྱེར་གྱི་སྟོང་སྐོར་རྫོང་དང་མཁར་བྱང་ཁུལ་དུ་སོང་ནས་ཞང་གྲོང་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

མཱ་ཝེ་ཡིས་བསྟན་དོན། ཞང་གྲོང་དམངས་ཆེན་ནི་ཆེས་གཞི་རིམ་གྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཡིན་པ་དང་། ཏང་གིས་སྲིད་སྐྱོང་བའི་རྨང་གཞི་གལ་ཆེན་ཡིན་པས།  ཞང་གྲོང་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བ་ནི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་བྱ་བ་གཙོ་བོ་ཡིན། ཟི་ལིང་གྲོང་ཁྱེར་ཞང་གྲོང་དམངས་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཀྱིས་བྱ་བ་དེར་ཧ་ཅང་མཐོང་ཆེན་བྱས་ཏེ། གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱས་པ་དང་ནུས་ལྡན་བྱེད་ཐབས་སྤྱད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས། ཞང་གྲོང་དམངས་ཆེན་གྱིས་དུས་རབས་གསར་བ་དང་ལས་འགན་གསར་བ་དང་མཐུན་པར་བྱེད་པ་དང་ནང་དོན་གསར་བ་སྔོག་འདོན་བྱེད་པར་མ་ཟད། རང་འགུལ་སྒོས་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་དགོས་ལ། གོང་འོག་བར་གསུམ་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་པ་དང་སྣེ་ཁྲིད་བཟང་བོ་བྱས་ནས། ཞང་གྲོང་དམངས་ཆེན་བྱ་བ་དེ་བབ་བསྟུན་མདུན་སྐྱོད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།