ལིག་ཉིང་གིས་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སོང་ནས། གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བའི་ལོ་དང་སྲིད་ཇུས་དངོས་འབེབས་ཀྱི་ལོའི་ལས་སྒོ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད། གྲོང་རྡལ་དང་སྡེ་བའི་ལས་བྱེད་པ་དང་སྡེ་བའི་ནང་དུ་སྡོད་པའི་དབུལ་སྐྱོར་ལས་བྱེད་པར་བཞུགས་མོལ་བརྗེ་རེས་བྱས་ཏེ་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཕྱོགས་བཅུ་དངོས་འབེབས་ནན་མོ་བྱས་ཏེ། སྲིད་ཇུས་དངོས་འབེབས་བྱ་བ་དམ་པོར་འཛིན་པ་དང་ཕྱི་ཚུལ་རིང་ལུགས་ལ་དག་ཐེར་བཅོས་སྐྱོང་བྱེད་པ། གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བར་བརྩོན་ནས། གཞི་རིམ་ལས་བྱེད་པས་འཕེལ་རྒྱས་ལ་འཆར་འགོད་ལེགས་པོ་འཐེན་པ་དང་དོན་བཟང་བསྒྲུབ་དགོས་ཟེར།

ལིག་ཉིང་གིས་གཅན་ཚ་རྫོང་གི་ལས་བྱེད་པ་རྣམས་ཀྱིས་སྡོང་འཛུགས་ནགས་བསྐྲུན་བྱེད་ཀྱིན་པ་མཐོང་བས། ལས་དོན་དེར་ཁས་ལེན་ཡང་དག་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་དང་འབྲེལ་བའི་གསུང་བཤད་གལ་ཆེན་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ས་གནས་ཀྱི་ད་ཡོད་གནས་ཚུལ་དངོས་དང་གཞི་གཅིག་ཏུ་སྦྲེལ་རྒྱུ་དང་། བྱེད་ཐབས་དང་བྱེད་ཕྱོགས་སྔར་ལས་ཞིབ་ཕྲ་ཅན་དང་དངོས་ཡོད་ཅན་དུ་བསྒྱུར་བ། ཤུགས་ཆེན་པོས་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་གནད་དོན་འབུར་ཐོན་ཐག་གཅོད་ལེགས་པོ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།

དེའི་རྗེས་ལིག་ཉིང་གིས་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་གྱི་གྲོང་དང་སྡེ་བའི་ལས་བྱེད་པ་དང་སྡེ་བའི་ནང་དུ་སྡོད་པའི་དབུལ་སྐྱོར་ལས་བྱེད་པར་བཞུགས་མོལ་བརྗེ་རེས་བྱས་ནས། ལས་བྱེད་པ་རྣམས་ཀྱི་བསམ་འཆར་ལ་ཉན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།