ཀྲང་ཞི་མེན་གྱིས་ཞིན་ཧེ་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་བདུན་ཉིན།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སོང་ནས་གཞི་རིམ་གྱི་བསམ་བློ་དང་རིག་གནས་དྲིལ་སྒྲོག་བྱ་བར་རྟོག་ཞིབ་བྱས།

ཀྲང་ཞི་མེན་གྱིས་ནན་གྱིས་བསྟན་དོན།  གོམས་སྲོལ་བསྒྱུར་བ་དང་ཞང་སྡེའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་གཞི་རིམ་གྱི་བསམ་བློ་དང་རིག་གནས་དྲིལ་སྒྲོག་བྱ་བའི་གལ་ཆེའི་ནང་དོན་ཡིན།  གཞི་རིམ་ཏང་རྩ་འཛུགས་ཀྱི་དབུ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ།  ཤུགས་ཆེན་པོས་སྒྲིག་སྲོལ་ངན་པ་བསྒྱུར་བཅོས་བཏང་ནས་མི་འདང་ས་ཁ་གསབ་བྱེད་དགོས།   མུ་མཐུད་དུ་ཞང་སྡེའི་མཛེས་ཉམས་དོད་ནས་གཞིས་ཁུལ་དཔལ་ཡོན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།  དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ།  རིག་གནས་དང་བླངས་ཞབས་ཞུའི་དཔུང་ཁག་འཛུགས་སྐྲུན་བྱེད་པ་དང་།  རིགས་སོ་སོའི་རིགས་གནས་རྟེན་གཞི་ཁུལ་ལེགས་པོར་བཙུགས་ནས་བཀོལ་སྤྱོད་ལེགས་པོ་གཏོང་བ་དང་།  དོ་དམ་ནན་མོ་བྱེད་ཐུབ་དགོས་ལ།  མི་དམངས་མང་ཚོགས་ཕྱོགས་གཅིག་ཏུ་བསྡུས་ནས་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་སྐུལ་སློང་བྱེད་དགོས།  ཁྱད་ལྡན་རིག་གནས་ཐོན་ཁོངས་སྔོག་འདོན་བྱས་ནས།  ཚོང་གཉེར་ཁོར་ཡུག་ལེགས་བསྐྲུན་བྱེད་པ་དང་།  རིག་གནས་ཁེ་ལས་ཀྱི་ཚོང་ར་རྒྱ་སྐྱེད་པར་སྣེ་ཁྲིད་དེ།  སྔར་ལས་མང་ཞིང་སྔར་ལས་བཟང་བའི་རིག་གཏོད་ཐོན་རྫས་མང་པོ་གསར་གཏོད་བྱེད་དགོས།  མཚོ་སྔོན་གྱི་རིག་གནས་བརྒྱུད་སྒྲོག་བྱེད་པ་དང་མཉམ་དུ།  དབུལ་ཕོངས་མི་ཚོགས་ལས་ཞུགས་བྱེད་པར་ཤུགས་སྣོན་བྱས་ནས།  མཉམ་དུ་དབུལ་ཐར་ཕྱུགས་འགྱུར་གྱི་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།