རྒྱལ་ཁབ་ཞིང་བ་ཞོར་ལས་པར་ཟླ་ཕོགས་སྤྲོད་པར་འགན་སྲུང་བྱེད་པའི་བྱ་བའི་ཞིབ་བཤེར་རུ་ཁག་མཚོ་སྔོན་དུ་ཡོང་ནས་ལྟ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས15ཉིན་ནས་ཚེས20བར་དུ། རྒྱལ་ཁབ་ཞིང་བ་ཞོར་ལས་པར་ཟླ་ཕོགས་སྤྲོད་པར་འགན་སྲུང་བྱེད་པའི་བྱ་བའི་ཞིབ་བཤེར་རུ་ཁག་མཚོ་སྔོན་དུ་ཡོང་ནས་ལྟ་བཤེར་བྱས། ཚེས16ཉིན། ཧྲིན་ཀྲང་གཞོན་པ་ཁུང་ཡོང་གིས་ཡུལ་དངོས་ཞིབ་བཤེར་སྙན་ཞུའི་གྲོས་ཚོགས་བསྡུས་ཤིང་གཏམ་བཤད།

2018ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་བ་ཞོར་ལས་པ་ཁྲི་གཉིས་དང་སྟོང་གཅིག་ལྷག་ལ་ཟླ་ཕོགས་སྒོར་འབུམ་གཉིས་དང་ཁྲི་ལྔ་ལྷག་བྱིན་ལ། རྩིས་སྤྲོད་བྱས་ཚད་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་ལྔ་རེད། གྱོད་དོན་བདག་སྤྲོད་དང་མི་གྲངས་དུས་འགྱངས་ཆད་ལུས། དངུལ་སྒོར་ཕྱིར་སྤྲོད་དུས་འགྱངས་སོགས་ཀྱི་མར་འགྲིབ་གསུམ་གྱི་དམིགས་ཚད་མངོན་འགྱུར་བྱས་ནས། ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས། དེའི་ཕྱོགས་ནས་ཡུལ་དངོས་ཞིབ་བཤེར་རུ་ཁག་གི་རུ་གཙོ་ཏུའུ་ཡུས་ཧྲུའུ་ཡིས་ཁས་ལེན་གང་ལེགས་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་ཕོགས་ཆད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པའི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས། འདུ་ཤེས་བཞི་ལག་ལེན་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་རྒྱུན་འཁྱོངས་བྱས་ཏེ། ཟླ་ཕོགས་ཆད་པའི་གནད་དོན་གྱི་དམིགས་ཚད་འགན་འཁུར་མངོན་འགྱུར་བྱེད་དགོས། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་འགན་སྲུང་བྱ་བ་ལེགས་འགྲུབ་བྱུང་ཡོད། ལོ་གསར་པའི་ནང་། ཞིབ་བཤེར་བྱ་བའི་ཕན་འབྲས་ལ་དུས་རིམ་བགོས་ནས་ཞིབ་བཤེར་བྱེད་པ་འགན་སྲུང་བྱེད་དགོས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དངོས་འབེབ་ལེགས་པོ་བྱེད་དགོས། ཞིབ་བཤེར་གྱི་བྱ་བ་ནི་གོ་སྐབས་སུ་བརྩིས་ནས། ཕོགས་དངུལ་ཆད་པའི་གནད་དོན་གྱི་རྩ་བ་བཅོས་སྐྱོང་བྱེད་དགོས། བྱེད་ཐབས་གསར་པ་དང་། རྣམ་པ་གསར་པ་དེས་རང་ཞིང་གི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་གཏོང་སྤྲོད་བྱ་བའི་འགན་སྲུང་ལ་སྐུལ་འདེད་བཏང་ནས་དུས་རིམ་གསར་པ་ཞིག་ལ་སླེབས་སུ་འཇུག་དགོས་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ལེན་དགོས་ཟེར།

རྗེས་ཀྱི་ཉིན་འགའི་ནང་ལ། ཞིབ་བཤེར་རུ་ཁག་རང་ཞིང་གི་ཁུལ་དང་རྫོང་སོགས་ལ་སོང་ནས་ཡུལ་དངོས་ཞིབ་བཤེར་བྱ་བ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།