ད་ལོར་མཚོ་བྱང་ཁུལ་གྱིས་སྒོར་དུང་ཕྱུར་གཉིས་ལྷག་རྒྱལ་ཁོངས་ལྗང་འགྱུར་གྱི་ཐད་བཀོལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱིས་སྒོར་དུང་ཕྱུར་གཉིས་ལྷག་རྒྱལ་ཁོངས་ལྗང་འགྱུར་གྱི་ཐད་བཀོལ་རྒྱུ་རེད།  ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་2019ལོའི་རྒྱལ་ཁོངས་ལྗང་འགྱུར་ལས་མགོ་རྩོམ་པའི་མཛད་སྒོ་མུན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སྤེལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་འགྱུར་ལོ་གསུམ་མགྱོགས་མྱུར་འགུལ་སྐྱོད་ཀྱི་རེ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ལྗང་འགྱུར་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལྟར། མཚོ་བྱང་ཁུལ་གྱིས་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁོངས་ལྗང་འགྱུར་གྱི་བྱ་བའི་ལོས་འགན་དང་འཐབ་ཕྱོགས་གཅིག་གྱུར། ཤེས་རྟོགས་མཐོར་འདེགས། འོས་འགན་དོན་འཁྱོལ་སོགས་གསལ་ཐག་ཆོད་ཅིང་། ཁུལ་ཡོངས་སུ་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁོངས་ལྫང་འགྱུར་འགུལ་སྤྱོད་ཀྱི་ཚྭ་རླབས་གསར་བ་ཞིག་འཕྱུར་བཞིན་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།