སྐབས་ཉི་ཤུ་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐབས་དྲུག་པའི་མཚོ་སྔོན་པོར་བསྐོར་བའི་གློག་སྒུལ་རླངས་འཁོར་གདན་ཞུ་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4བའི་ཚེས་10ཉིན་སྐབས་ཉི་ཤུ་པའི་ཀྲུང་གོམཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐབས་དྲུག་པའི་མཚོ་སྔོན་པོར་བསྐོར་བའི(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་གདན་ཞུ་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚན་རྩལ་པུའུ་དང་། བཟོ་འཕྲིན་པུའུ། ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་མི་བརྒྱའི་མཐུན་ཚོགས་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་། ལས་ཁུངས་དང་རྒྱལ་ནང་གི་སྨྱན་སྦྱོར་ལས་ཁུངས80ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། ཧྲིན་ཀྲང་གཞོན་པ་ཝང་ལི་མིང་ཚོགས་འདུར་ཕེབས་ཏེ་ཤིས་ཚིག་ཕུལ།

  ཝང་ལི་མིང་གིས་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། ཁོར་ཡུགའཕེལ་རྒྱས་དང་དེ་བཞིན་རིམ་བྱུང་གི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲུབ་འབྲས་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་གསར་འགྱུར་སྨྱན་སྦྱོར་བརྒྱུད་ནས་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་འདོད་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་བྱས་པ་རེད། སྐབས་ཉི་ཤུ་བའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་ཐེངས་དྲུག་པའི་གློག་སྒུལ་རླངས་འཁོར་གདན་ཞུ་འགྲན་བསྡུར་དེ་ད་ལོའི་ཟླ་6པའི་ཚེས་20ནས་ཚེས་23ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་འགྲེམ་ཚོགས་ཀྱིས“སྒོ་དབྱེ་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་ནས“ལྗང་མདོག་གི་གློག་ཤུགས་ཉིན15”—ནུས་ཁུངས་གཙང་མའི་འགུལ་སྐྱོད་ཉེ་འགྲམ་དུ་སྤེལ་བ་དང་། ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་དང་། ཨེ་ཤེ་ཡའི་རྒྱུ་ནོར་གླེང་སྟེགས་བཅས་མཚོ་སྔོན་དུ་བསྐྱོད་པ་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་སྐུལ་འདེད་གཏོང་བ་སོགས་ཤུགས་རྐྱེན་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་དང་ལག་བསྟར་བྱ་རྒྱུ་རེད། ཁོང་གིས་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་གཏིང་ཟབ་ཏུ་ཞུགས་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། དེས་ས་ཁོངས་དཔལ་འབྱོར་སྤེལ་རེས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་པ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ། རིམ་པ་གོང་འོག་གི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅེས་བཤད་པ་མ་ཟད། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་ཚོསམུ་མཐུད་དུ་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་གློག་སྒུལ་རླངས་འཁོར་གདན་ཞུ་འགྲན་བསྡུར་ནང་ཞུགས་ཏེ་དྲིལ་བསྒྲགས་རྒྱ་ཆེར་བྱས་ནས། ཐུན་མོང་ཐོག་སྒོ་དབྱེ་མཉམ་ལས་དང་། ལེགས་ཆ་གསབ་རེས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་པར་ཧུར་ཐག་གིས་བྱས་རྗེས་འབུལ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་རེད།

གྲོས་ཚོགས་སྟེང་། སྐབས་ཉི་ཤུ་བའི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ལག་བསྟར་ཨུ་ཡོན་ལྷན་ཚོགས་དང་། ཀྲུང་གོ་གློག་སྒུལ་རླངས་འཁོར་གྱི་མི་བརྒྱའི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་བྱ་འགུལ་རྩ་འཛུགས་དང་། ཚོང་འགུག་དངུལ་འདྲེན་དང་གློག་སྒུལ་རླངས་འཁོར་གདན་ཞུ་འགྲན་བསྡུར་གྱི་ཚད་ལེན་ཚོད་ལྟ། འགྲན་བསྡུར་ལམ་ཐིག་སོགས་ཀྱི་འབྲེལ་ཡོད་ནང་དོན་བྱེ་བྲག་གིས་ངོ་སྤྲོད་བྱས།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།