གནས་མདོ་སྡེ་བའི་སྐྱེ་ཁམས་དཔལ་འབྱོར།

རྫ་སྟོད་རྫོང་རྣམ་སྲས་ཞང་གི་གནས་མདོ་སྡེ་བ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་གླིང་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་ཤིང་། ཕྱུགས་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་རེད།

སྔོད་ཆད། གནས་རྒྱང་རིང་ལུང་ཁུག་ཡིན་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ། གོ་རྒྱུ་ཚོར་རྒྱུ་ཉུང་བར་མ་ཟད། ཐོན་སྐྱེད་བྱེད་སྟངས་སྣ་གཅིག་ཡིན་སྟབས། གནས་མདོ་སྡེ་བའི་འབྲོག་དམངས་ཀྱི་འཚོ་བའི་ཆུ་ཚད་ཡོངས་ཁྱབ་ཀྱིས་དམའ་བ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཕོངས་སྡེ་བའི་གྲས་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ཁོངས་ཚོད་ལྟ་མགོ་བརྩམས་པ་ནས་བཟུང་། གནས་མདོ་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་སེམས་ཤུགས་ཆེ་རུ་སོང་བ་ནི་སྔར་བྱུང་མ་མྱོང་ལ། ཁོར་ཡུག་སྒྲིག་བཅོས་དང་རི་དྭགས་སྲུང་སྐྱོབ། རི་ལྟ་རི་སྲུང་བྱེད་པ་བཅས་ནི། རིམ་གྱིས་འགྱུར་ཏེ་སྡེ་དམངས་ཀྱི་རང་འཕེལ་རྩ་འཛུགས་དང་རང་འཐད་ཟབ་ཞུགས་བྱེད་པའི་དམངས་ཁྲོད་བྱ་འགུལ་དུ་གྱུར།

ལོ་འདི་འགའི་རིང་ལ། རྒྱལ་ཁབ་ཀྱིས་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་བ་དང་། “མཛེས་པའི་ཞིང་སྡེ”འཛུགས་སྐྲུན་རྒྱུན་ཆད་མེད་པར་ལག་བསྟར་བྱས་པ་དང་བསྟུན་ནས། གནས་མདོ་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་དང་། གནས་མདོ་སྡེ་བ་ནི་རྣམ་སྲས་ཞང་གི་སྐྱེ་ཁམས་དོ་དམ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཚོད་ལྟའི་སྡེ་བའི་གྲས་སུ་བཞག་པ་དང་། སྡེ་བས་དབུལ་ཕོངས་དུད་ཁྱིམ་ནི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་དཔུང་སྡེའི་གྲས་སུ་ཁ་གསབ་བརྒྱབ་སྟེ། ཡོང་འབབ་ཇེ་མང་དུ་གཏོང་ཞོར་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་བྱས་པ་རེད།

“སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་གླ་ཕོགས་ལེན་ཐུབ་པ་ལས་གཞན། ངེད་ཚང་ལ་ད་དུང་རྩྭ་ཐང་གི་བྱ་དགའི་ཁ་གསབ་དང་། ཕྱུགས་འགོག་ཁ་གསབ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གཞི་བཅས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཡོད།”འབྲོག་དམངས་གཡང་ཐར་ནི་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དང་། ཞིབ་དཔྱད་ཚད་ལེན་པ་རེད། ཁོ་རང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་བྱ་བར་སྤྲོ་བས་ཁེངས་འདུག

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་འཛུགས་སྐྲུན་བྱས་པའི་ཚུན་ལ། གནས་མདོ་སྡེ་བས་དགེ་མཚན་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ཨང་དང་པོར་བཞག་པ་དང་། “རྒྱལ་ནང་གི་མིང་གྲགས་རྩེ་གྲས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཉམས་ཞིབ་བྱེད་ས”འཛུགས་སྐྲུན་བྱེད་པར་དམིགས་ཏེ། རྒྱུན་ཆད་མེད་པར་དབུལ་སྐྱོར་གྱི་ཐབས་ལམ་རྒྱ་བསྐྱེད་པ་དང་། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བའི་མི་འདང་ས་ཁ་གསབ་བྱས།

གནས་མདོ་སྡེ་བས་ཞང་ཏང་ཨུ་ལ་གཞོགས་འདེགས་བྱས་ཏེ་སྔ་རྗེས་སུ“ཀྲུང་ཧྭའི་ཆུ་གཏེར་རྒྱལ་སྤྱིའི་རྐང་ཐང་འགྲན་བསྡུར་ཆེན་མོ(རྫ་སྟོད་ས་ཚིགས)”དང“རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་འཛོམས་ཇུས་འགོད་གསར་བཟོ་འགྲན་བསྡུར་ཆེན་མོ”“ཀྲུང་གོའི་ཁོ་ལུའོ་ལ་ཏུའོ་ཡི་གྲོག་རོང་ཆེན་མོར་འབོད་པའི་རྫ་ཆུའི་མགོ་ཁུངས་ཀྱི་རྣམ་སྲས་ཞང་གི་གྲོག་རོང་ཆེན་མོའི་རྒྱལ་སྤྱིའི་གཡེང་འགྲོ་འགྲན་བསྡུར”“རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན”བཅས་ཀྱི་བྱ་འགུལ་སྤེལ། གནོད་མེད་འདུ་ཤེས་ཁྱབ་སྤེལ་བྱེད་ཞོར། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་སུ་བཏང་།

སྡེ་བས་ཡུལ་སྐོར་གྱི་ཡོང་འབབ་ནི་སྡེ་དམངས་དང་ལྷག་པར་དུ་གནད་ཁེལ་དབུལ་སྐྱོར་བྱེད་སའི་རྒན་གསོའི་མ་དངུལ་ཐད་སྤྲད་པ་དེས། མང་ཚོགས་ལ“སྐྱེ་ཁམས་ཡུལ་སྐོར”གྱི་ཁེ་བཟང་རེག་ཏུ་བཅུག

ད་ལྟ། གནས་མདོ་སྡེ་བས“ཆུ་བོ་དྭངས་མོ་དང་རི་བོ་སྔོ་ལྗང”བསྲུངས་ནས། ཐོན་ཚད་དང་ཡོང་འབབ་འཕར་བ་དང་། མང་ཚོགས་ཀྱིས“ཆུ་བོ་དྭངས་མོ་དང་རི་བོ་སྔོ་ལྗང”གི་རིན་ཐང་རྟོགས་ཡོད་ལ། “གསེར་རི་དང་དངུལ་རི”ཡང་ཐོབ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།