​ཟི་ལིང་གྲོང་ཁྱེར་གྱིས“1+7+འགའ”རིམ་གསུམ་གྱི་རྒན་གསོའི་ཞབས་འདེགས་མ་ལག་བཙུགས་ཏེ་རྒན་གསོའི་རྣམ་པ་གསར་པ་གཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། “བུ་མོ་ཡུལ་གཞན་དུ་ཡོད་པས་ངར་ལྟ་རྟོག་བྱེད་མི་ཐུབ་སྟབས། ང་རང་ཉིན་ལྟར་ཁྱིམ་དང་ཐག་ཉེ་བའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་འགྲོ་གི་ཡོད། དེར་ལྟོ་ཚ་པོ་ཡོད་པ་མ་ཟད། ད་དུང་རོགས་པ་ཚོ་དང་མཉམ་དུ་ཏག་སེ་རྒྱག་ཆོག”ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁུན་ལུན་ཉི་འོད་གྲོང་ཁུལ་ཆུང་དུ་སྡོད་པའི་ཀྲང་ཤིན་ཁྲང་གིས་གསར་འགོད་པར་བཤད།

རྒན་པོ་ཀྲང་ལགས་ཀྱིས་བཤད་པའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ནི་ཟི་ལིང་གྲོང་ཁྱེར་གྱིས་གསར་དུ་བཙུགས་པའི་རིམ་གསུམ་གྱི་རྒན་གསོའི་ཞབས་འདེགས་མ་ལག་གི་གྲུབ་ཆའི་ཆ་ཤས་ཤིག་རེད།

“2018ལོའི་ལོ་མཇུག་བར་ཟི་ལིང་གྲོང་ཁྱེར་གྱིས‘1+7+འགའ’རིམ་གསུམ་གྱི་རྒན་གསོའི་ཞབས་འདེགས་མ་ལག་རགས་ཙམ་བཙུགས་པ་ལས་རྒན་གསོའི་ཞབས་ཞུར་ས་ཆ་དང་སྒྲིག་བཀོད་དཀོན་པའི་མངོན་གསལ་དོད་པའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད”ཅེས་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་སུའུ་ལེ་ཧུང་གིས་བཤད། ཁོང་གིས“1+7+འགའ’རིམ་གསུམ་གྱི་རྒན་གསོའི་ཞབས་འདེགས་མ་ལག་ནི་གྲོང་ཁྱེར་རིམ་པའི་རྒན་གསོའི་ཞབས་འདེགས་མཛུབ་ཁྲིད་ལྟེ་གནས་1དང་། ཆུས་དང་རྫོང་རིམ་པའི་རྒན་གསོའི་དཔེ་སྟོན་རྟེན་གཞི་དང་ཕན་བདེའི་ལྟེ་གནས་7 ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་གྲོང་གསེབ་ཀྱི་རྒན་རྒོན་ཁྱིམ་ཚང་འགའ་ཞིག་བཅས་ལས་གྲུབ་པ་ཞིག་རེད། རྒན་གསོའི་ཞབས་འདེགས་དེ་སྒྲིག་གཞིའི་ཐ་སྐྱོང་ཞབས་འདེགས་ཁོ་ན་ནས་ཁྱིམ་སྡོད་དང་། སྡེ་ཁུལ། སྒྲིག་གཞི་བཅས་རིམ་པ་མང་བའི་ཞབས་འདེགས་མཉམ་ཞུའི་བཀོད་པ་གསར་པ་ཞིག་ཏུ་འཕེལ་རྒྱས་བཏང་བ་ནི་ཟི་ལིང་གྲོང་ཁྱེར་གྱིས་བཏོད་པའི་རྒན་གསོའི་ཞབས་འདེགས་མ་ལག་གི་རྣམ་པ་གསར་པ་ཞིག་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། “1+7+འགའ’རིམ་གསུམ་གྱི་རྒན་གསོའི་ཞབས་འདེགས་མ་ལག་འཛུགས་ཆེད། ཟི་ལིང་གྲོང་ཁྱེར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་10བཏང་སྟེ་རྣམ་གྲངས་300ལྷག་ཙམ་ལག་ལེན་བསྟར་བར་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་སྒྲིག་བཀོད་397ནས་680བར་མང་དུ་ཕྱིན་པ་དང་། ཉལ་ཁྲི་11000ལྷག་ཙམ་ཟིན་ནས་རྒན་གསོའི་ཞབས་ཞུར་ས་ཆ་དང་སྒྲིག་བཀོད་དཀོན་པའི་མངོན་གསལ་དོད་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།