2018ལོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་སྡེ་བ526 དང་དབུལ་ཕོངས་མི་གྲངས་ཁྲི17.6དབུལ་ཕོངས་ལས་ཐར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།  གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཚོགས་འདུའི་སྟེང་ས་རྒྱུས་ལོན་པ་ལྟར་ན། 2018ལོར། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ526དང་། དབུལ་ཕོངས་མི་གྲངས་ཁྲི17.6དབུལ་ཕོངས་ལས་ཐར་ཏེ། དབུལ་ཕོངས་བྱུང་ཚད་དེ2017ལོའི8.1%ནས་ན་ནིང་ལོ་མཇུག་གི2.5%ལ་མར་བབས་ཤིང་། དབུལ་ཕོངས་ལས་ཐར་བའི་འཆར་གཞི་བཟོས་ཡོད་པའི་རྫོང12ཀྱང་བདེ་བླག་ངང་དབུལ་ཕོངས་ལས་ཐར་བར་རེ་བ་ཆེ།

ལོ་ངོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས་དབུལ་སྐྱོར་ནི་དབུལ་སྐྱོར་ཡོང་འཕར་བྱེད་པའི“ཐབས་ལམ་གཙོ་བོ”རུ་བརྩིས་ཏེ། ཐོན་ལས་དབུལ་སྐྱོར་ནི་གཏོང་འཇོག་ལ་ཤུགས་རྒྱག་པ་ནས་གདང་འཕེལ་རིམ་སྤར་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་བྱས། འབྲི་གཡག་དང་ནས། སྡེ་བ་རིམ་པའི་འོད་ཧྥུ་དང་། ཞིང་སྡེའི་ཡུལ་སྐོར། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་བཅས“ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གཙོ་ཁྲིད་ཀྱི་ཐོན་ལས་ཆེན་པོ་ལྔ”ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། ཕན་འབྲས་གསལ་ཐག་ཆོད་པ་ལོན། དབུལ་ཕོངས་སྡེ་བ1622སུ་ཀྲའོ་ཝ471.6གི་འོད་ཧྥུ་དབུལ་སྐྱོར་ལས་གཞི་བཙུགས་པ་དང་། ན་ནིང་གི་ལོ་མཇུག་ལ་དྲ་སྦྲེལ་བྱས་ཏེ་གློག་བཏོན་ཚད47﹪ལ་སླེབས་ཡོད། མ་དངུལ་སྒོར་དུང་ཕྱུར24བཏང་ནས། དབུལ་ཕོངས་མི་འབོར་ཡོད་ཀྱང་དབུལ་ཕོངས་སྡེ་བ་མིན་པའི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར2358ལ་རོགས་སྐྱོར་མ་དངུལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཏེ། དབུལ་སྐྱོར་ལས་གཞི་ནི་ཞིང་ཆེན་ཡོངས་ཀྱི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར“མེད་པ་གཏོར་བྱེད”ཀྱི་གཙོ་ཁྲིད་སྟོབས་ཤུགས་སུ་གྱུར་ཡོད།

དམངས་འཚོའི་འགན་སྲུང་ནི་མི་འདང་ས་ཁ་གསབ་བྱེད་པ་ནས་ཁྱོན་ཡོངས་མཐོར་འདེགས་བྱེད་པའི་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་མྱུར་ཚད་དེ་སྔ་ན་མེད་པ་ཞིག་ཏུ་སླེབས་ཡོད། གནས་སྤོར་མང་ཚོགས92﹪གཞིས་ཁྱིམ་དུ་སྤར་བས། ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ཀྱི་ཕྱོགས་བསྡུས་ནུས་པ་བཏོན་ཏེ། དབུལ་ཕོངས་ས་ཁུལ་གྱི་མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱས། སློབ་བྱོལ་ལ་ཚོད་འཛིན་དང་སློབ་སྦྱོང་ལ་འགན་སྲུང་བྱེད་པའི་ཉམས་མྱོང་ནི་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བ་དང་། སྐྱོན་བྲལ་གྱི“དབུལ་སྐྱོར་འགན་སྲུང”ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་པ་དང་། དམངས་སྲིད་ཀྱི་རོགས་སྐྱོབ་ཚད་གཞི་ལོ་ལྟར་ཇེ་མཐོར་བཏང་བ་དང་། ཆུ་གློག་ལམ་འཕྲིན་དྲ་བ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྒྱུན་མཐུད་ངང་བརྟན་པོར་བཏང་ལ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་སྤྱིའི་འཕེལ་ནུས་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་ཡོད།རོགས་སྐྱོར་རོགས་ལས་ནི་དངུལ་འདྲེན་ལ་རྒྱབ་རྟེན་བྱེད་པ་ནས་མཉམ་ལས་གཏིང་ཟབ་བྱེད་པའི་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་བྱས་ཡོད། དུས་མཚུངས་སུ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཀྲུང་དབྱང་གིས་གནས་ས་གཏན་ཁེལ་བྱས་ཏེ་རོགས་སྐྱོར་བྱེད་པ་བཅས་ཀྱི་ཞིང་ཆེན་དང་གྲོང་ཁྱེར(ལས་ཁུངས)གྱི་དགེ་མཚན་འདོན་སྤེལ་དང་། རྒྱུན་མཐུད་ངང་ཤུགས་བརྒྱབ་ནས། རང་ཞིང་གི་དབུལ་ཐར་འགག་སྒྲོལ་ཐད་སྒུལ་ནུས་གསར་པ་བསྣན་པ་དང་། ལྷག་པར་དུ་ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་ཕན་ཚུན་བར་འཚམས་འདྲི་དང་། མཉམ་འགུལ་ཤུགས་ཆེར་བཏང་བ་དང་། “1+2+10”ཡི་དབུལ་སྐྱོར་རོགས་ལས་ཀྱི་གྲོས་ཆིངས་ལ་མིང་རྟགས་བཀོད་དེ། རོགས་སྐྱོར་བྱེད་ཤུགས་ཆེ་ལ།མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་བ་འདི་འདྲ་ནི་སྔར་བྱུང་མ་མྱོང་།

ཞིང་ཆེན་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་མ་ཧྥེང་ཧྲེང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་རང་ཞིང་གིས་རྒྱུན་ཆད་མེད་པར་དབུལ་ཐར་སྤུས་ཚད་མཐོར་འདེགས་སུ་བཏང་ནས། འཕྲོ་ལུས་ཀྱི་དབུལ་ཕོངས་རྫོང17དང་། དབུལ་ཕོངས་སྡེ་བ170དང་དབུལ་ཕོངས་མི་གྲངས་ཁྲི7.7གྱི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་དུ་བཅུག་སྟེ། ལོ་མཇུག་ལ་ཞིང་ཆེན་ཡོངས་སུ་མཐའ་གཅིག་ཏུ་དབུལ་ཕོངས“མེད་པ”མངོན་འགྱུར་བྱས་ཏེ། 2020ལོར་དབུལ་ཐར་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་བརྒྱབ་སྟེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།