སྔར་ལས་ལྷག་པར་མཚོ་སྔོན་གྱི་སློབ་སྔོན་སློབ་གསོ་ལ་ཤུགས་བསྣན་ནས་དགེ་རྒན་གྱི་དཔུང་སྡེ་ཇེ་ཆེར་གཏོང་དགོས་པར་བསྟན།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཁོན་ཆིན་ཅུས་དང་ཨ་ཧྲིན་ཡུས་གཉིས་ཀྱིས་སྔར་ལས་ལྷག་པར་མཚོ་སྔོན་གྱི་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་བསམ་འཆར་བཏོན།  

   བསམ་འཆར་ལས་དབྱེ་ཞིབ་བྱས་པ་ལྟར་ན། 2017ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ནས་བྱིས་གཉོར་ཁང1735དང་། བྱིས་པ་ཁྲི20.72།  ལས་བཟོ་བ1.87།  ཆེད་ལས་དགེ་རྒན1.06།     སྒྲིག་ཁོངས་སུ་ཡོད་པའི་ལས་བཟོ་བ1313། (དེའི་ནང་སྒྲིག་ཁོངས་སུ་ཡོད་པའི་སློབ་ཆུང་གི་དགེ་རྒན358།) གནས་སྐབས་སུ་བསྡུས་པའི་ལས་བཟོ་བ6818བཅས་ཡོད་པས།   དགེ་སློབ་ཀྱི་ཚད1:18.28  ཟིན། 

མཚོ་སྔོན་གྱིས2015ལོ་ནས་བཟུང་སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་ལས་གནས་གཏན་འཇགས་ཁག་ཐེག་བྱེད་པར་ཉོ་སྒྲུབ་མཛད་པ་དང་། ཚད་ངེས་ཅན་ཞིག་ནས་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་དཔུང་སྡེ་གཏན་འཇགས་མིན་པའི་གནད་དོན་ཐག་བཅད། འོན་ཀྱང་སློབ་སྔོན་སློབ་གསོ་སྒྲུབ་མཁན་དག་གི་ཟླ་ཕོགས་དམའ་བ་དང་། འགན་སྲུང་ཆུ་ཚད་ཞན་པ་སོགས་གནད་དོན་རབ་དང་རིམ་པ་ཡོད་པས་ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་གདན་འདྲེན་ཞུ་མི་ཐུབ་པ་དང་། དགེ་རྒན་གྱི་དཔུང་སྡེའི་བྱང་ཚད་ཞན་པ། འགྲོ་འོང་ཆེ་བ་སོགས་ནི་རང་ཞིང་གི་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་འགྲོ་བའི་བཀག་རྐྱེན་ཏུ་གྱུར་ཡོད། མིག་སྔར། མཚོ་སྔོན་གྱི་སློབ་སྔོན་སློབ་གསོའི་ལས་གནས་ཧ་ཅང་ཉུང་བ་དང་། སློབ་སྔོན་སློབ་གསོ་བདེ་ལེགས་ངང་སྤེལ་བར་དཀའ་ཁག་ཆེན་པོ་ཡོད་དེ། ཕྱོགས་གཞན་ཞིག་ནས་ཟླ་ཕོགས་དམའ་བ་དང་དཔུང་སྡེ་གཏན་འཇགས་མིན་པ་སོགས་གནད་དོན་འདུས།

དེ་བས། འཐུས་མི་གཉིས་ཀྱིས་ཀྲུང་དབྱང་དང་ས་གནས་ནོར་སྲིད་གཉིས་ཀྱིས་མཉམ་གཅིག་ཏུ་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུའི་ལམ་ལུགས་འགན་ཁུར་དགོས་པ་མ་ཟད། སློབ་སྔོན་སློབ་གསོའི་རྐང་འཛིན་དགེ་རྒན་གྱི་སྒྲིག་ཁོངས་ཞིབ་དཔྱད་བྱེད་དགོས་པའི་བསམ་འཆར་བཏོན། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།