མི་བརྒྱ་ཡིས་མིང་ཐོ་བཀོད་ནས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་འགུལ་དང“གསུམ་བརྒྱད”བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གཟའ་འཁོར་བྱ་འགུལ་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས5ཉིན་ནི་ལེ་ཧྥུང་ལ་རྗེས་དྲན་བྱེད་པའི་ཉིན་མོ་ཡིན་པ་དང་། ཐེངས109པའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་བུད་མེད་ལྷན་ཚོགས་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་ཏ་ཐུང་ཧོས་རིགས་རང་སྐྱོང་རྫོང་དུ“ཧུར་ཐག་སྒོས་དམིགས་བསལ་གཅིག་དང་མཐོ་བ་གཉིས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་པར་འབད་པ་བྱེད” ཅེས་པའི་མི་བརྒྱ་ཡིས་མིང་ཐོ་བཀོད་ནས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་འགུལ་དང“གསུམ་བརྒྱད”བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་གཟའ་འཁོར་བྱ་འགུལ་འགོ་ཚུགས་པའི་མཛད་སྒོ་སྤེལ། དེ་དང་དུས་མཚུངས་སུ། གྲོང་ཁྱེར་དང་ཁུལ་སོ་སོའི་ཡན་ལག་ཚོགས་ར་ནས་ཀྱང་དུས་མཉམ་དུ་ཐེངས་འདིའི་བྱ་འགུལ་སྤེལ་འགོ་ཚུགས།

བྱ་འགུལ་གྱི་ཡུལ་དངོས་ནས། དང་བླངས་བས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་བུད་མེད་དང་ཁྱིམ་ཚང་ལ“ཧུར་ཐག་སྒོས་དམིགས་བསལ་གཅིག་དང་མཐོ་བ་གཉིས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་པར་འབད་པ་བྱེད”ཅེས་པའི་གྲོས་གཞི་འདོན་ཡིག་བཀྲམ་ཞིང་། ནན་ཏན་སྒོས་མིང་རྟགས་བཀོད་དུ་བཅུག  དེ་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་གྱི་རྣམ་པ་བརྒྱུད་ནས་་ཁེ་དབང་སྲུང་སྐྱོང་དང་ཁོར་སྲུང་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་རྣམས་དྲི་བ་དྲིས་ལན་གྱི་ཚུལ་དུ་སྤེལ་བ་མ་ཟད། མི་ཚང་མས་ལྗང་མདོག་གི་ལས་ཁུངས་དང་ལྗང་མདོག་གི་ཁྱིམ་ཚང་། ལྗང་མདོག་གི་སློབ་གྲྭ། ལྗང་མདོག་གི་སྡེ་ཁུལ། ལྗང་མདོག་གི་འགྲོ་བསྐྱོད་བཅས་ཀྱི་བྱ་འགུལ་ནང་ཞུགས་སུ་འཇུག་རྒྱུ་དང་། བུད་མེད་དག་གིས་ཡུལ་སྲོལ་སྒྱུར་བ་དང་། ཞིང་གྲོང་གི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། མཛེས་སྡུག་གི་ཤང་གྲོང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་ནུས་པ་གང་ལེགས་འདོན་དགོས།

ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་བུད་མེད་རྣམས་ཧུར་ཐག་སྒོས“དྭངས་གཙང་འཕྲོད་བསྟེན་ཡོང་བར་ང་རང་སྔོན་དུ་བསྐྱོད།” “ལྗང་མདོག་འཚོ་བར་ང་རང་སྣེ་ཁྲིད་བྱེད།” “ཁྱིམ་མའི་བདེ་ཐང་ང་རང་འགན་དུ་འཁུར།” “དཔལ་ཡོན་ཁྱིམ་སྲོལ་ང་རང་དར་སྤེལ་བྱེད” ཅེས་པའི་འགུལ་སྐྱོད་བཞི་ནང་ཞུགས་རྒྱུ་དང་། “མཛེས་སྡུག་གི་ཁྱིམ་གཞི”འཛུགས་སྐྲུན་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་སྡེབ་སྒྲིག་བྱེད་པའི་ལག་ལེན་བྱ་འགུལ་གྱི་དྲིལ་སྒྲོག་ཚོགས་འདུ་དང་། སྐུལ་སློང་ཚོགས་འདུའི་ནང་ཐེངས་གཅིག་ལ་ཞུགས་རྒྱུ་མ་ཟད། བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་གཏིང་ཟབ་སྒོས་བུད་མེད་མཉམ་འབྲེལ་གྱི་ཁེ་དབང་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་སྟེ། ནན་ཏན་སྒོས་ཁྲིམས་ལྟར་སྲུང་སྐྱོབ་དང་བུད་མེད་ཀྱི་གནད་ཆེའི་འགན་ནུས་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་། གཏིང་ཟབ་སྒོས“མི་སེམས་དྲོད་སྐྱེལ”བྱ་འགུལ་གྱི་ནང་དོན་ཞིབ་ཕྲ་རྣམས་དངོས་འབབ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།