«གཅན་ཚའི་སློབ་གསོ»ལོ་ཕྱེད་དེབ་ཀྱི་རྩོམ་བསྡུ་བརྡ་ཐོ།

ཏང་གི་སློབ་གསོའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་ཡང་དག སློབ་ཁང་སློབ་ཁྲིད་ཀྱི་ཐབས་ལམ་གསར་བསྒྱུར། སློབ་གྲྭའི་བདག་གཉེར་གྱི་དོ་དམ་ཚད་ལྡན། སློབ་གསོའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཆགས་པ་བཅས་ལ་དམིགས་ཏེ། གཅན་ཚ་རྫོང་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ་དང་ཅུའུ་སློབ་དཔྱོད་ཁང་གིས་འགན་སྒྲུབ་གནང་སྟེ«གཅན་ཚའི་སློབ་གསོ»ལོ་ཕྱེད་དེབ་ཅིག་འདོན་འཆར་ཡོད་པས། རང་རྫོང་གཙོ་བྱས་པའི་བོད་ཁམས་ཡོངས་ཀྱི་སློབ་གསོའི་ལས་རྐང་སྟེང་གི་དགེ་རྒན་དང་། སློབ་གསོའི་ལས་དོན་ལ་སེམས་ཁུར་དང་དོ་སྣང་བྱེད་མཁན་གྱི་རྩོམ་མཁན་དག་གིས་རང་ཉིད་ཀྱི་བྱ་བའི་ཉམས་མྱོང་དང་སྦྱར་ཏེ་བྲིས་ཡོད་པའི་སློབ་གསོ་སློབ་ཁྲིད་ཞིབ་འཇུག་དཔྱད་རྩོམ་དང་། སློབ་གསོ་དོ་དམ་གྱི་མྱོང་རྩོམ། སློབ་གསོ་མི་སྣ་གྲགས་ཅན་ལ་བཅར་འདྲི་བྱས་པའི་ཟིན་བྲིས། སློབ་ཚན་གྱི་ཁྲིད་ཡིགསློབ་ཚན་དཔྱད་བརྗོད། སློབ་གསོའི་བརྟག་དཔྱད་སྙན་ཞུ། སློབ་གསོའི་སྲོལ་རྒྱུན་ལེགས་བཤད། སློབ་གསོ་ཆེད་མཁས་པ་དང་གྲགས་རྩོམ་འོས་སྦྱོར། ཆུང་འབྲིང་སློབ་མའི་སྦྱངས་རྩོམ་ཕུལ་བྱུང་སོགས་ཡོད་ཚེ་འདི་ག་རྩོམ་སྒྲིག་ཁང་དུ་སྐུར་དང་། སློབ་གསོའི་གནས་བབ་དངོས་དང་མཐུན་ཚེ་དུས་དེབ་ཏུ་དགོད་ངེས་པ་མ་ཟད། དཔར་ཟིན་པའི་དཔེ་ཆ་དུས་ལྟར་རྩོམ་མཁན་གྱི་ཕྱག་ཏུ་དབུལ་ངེས། གཞན་རྩོམ་ཡིག་བསྐུར་དུས་ཀྱི་མཉམ་འཇོག་བྱེད་ས་དང་དགོས་ངེས་ཀྱི་རེ་བ་ཁག་གཤམ་གསལ་ལྟར།

1、 རྩོམ་མཁན་གྱི་དངོས་མིང་དང་ས་གནས། ཁ་པར་ཨང་གྲངས།རྩོམ་གྱི་ཁ་བྱང་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་ཏེ་བསྐུར་དགོས།

2、རྩོམ་ཡིག་བསྐུར་ཡུལ་ནི་གཅན་ཚ་རྫོང་སློབ་གསོ་ཅུའུ་ཁྲིད་དཔྱོད་ཁང་། (青海省黄南州尖扎县教育局教研室《尖扎教育》采编部)ཞེས་བྲི་དགོས་ལ། སྦྲག་སྲིད་ཨང་གྲངས811299ཡིན། གཞན་ཡིག་ཟམ495254286@qq.comབརྒྱུད་དེ་བསྐུར་ནའང་ཆོག  སྤྱིའི་བློ་འདོན་པ། བསྟན་འཛིན། སྤྱིའི་བློ་འདོན་པ་གཞོན་པ། ནོར་བུ་རྒྱ་མཚོ། བློ་འདོན་པ། ཏུང་ཧྲིན། ཆོས་གྲགས་རྒྱ་མཚོ། ལག་བསྟར་རྩོམ་སྒྲིག་པ། དོ་རྒྱ་བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ། བསོད་བྷ།  ཚེ་རིང་བསོད་ནམས། ནོར་བུ་དབང་རྒྱལ། པདྨ་རྡོ་རྗེ།(18097036663)

3、ལོ་ཕྱེད་དེབ་འདི་ལོ་རེའི་ལོ་སྟོད་ཀྱི་ཟླ6པའི་ཚེས15དང་ལོ་སྨད་ཀྱི་ཟླ12པའི་ཚེས15ཉིན་པར་བསྐྲུན་བྱ་རྒྱུ་ཡིན་པས། རྩོམ་མཁན་དག་གིས་ལོ་སྟོད་ཀྱི་ཟླ5པའི་ཚེས15དང་ལོ་སྨད་ཀྱི་ཟླ11པའི་ཚེས15ཡི་ཡར་སྔོན་དུ་ཡིག་གཟུགས་ཧི་མ་ལ་ཡའི་ལམ་ནས་འདི་ག་རྩོམ་སྒྲིག་ཁང་ལ་བསྐུར་རྒྱུ་མཁྱེན།

4、རྩོམ་ཡིག་གི་དག་ཆ་དང་ནང་དོན་ལ་རྩོམ་མཁན་རང་ཉིད་ཀྱིས་འགན་ཁུར་དགོས་པ་མ་ཟད། ངེས་པར་དུ་དུས་དེབ་ཏུ་བཀོད་མ་མྱོང་བའི་གསར་རྩོམ་ཡིན་དགོས།

5、ཏང་གི་སློབ་གསོའི་བྱེད་ཕྱོགས་དང་། སྲིད་ཇུས་ཀྱི་དགོངས་དོན་དང་མཐུན་པ་བཅས་ཡིན་དགོས།

«གཅན་ཚའི་སློབ་གསོ»རྩོམ་སྒྲིག་ཁང་ནས།

2019ལོའི་ཟླ2ཚེས28ཉིན།


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།