མཚོ་སྔོན་ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་འབྲེལ་ཡོད་ཡིག་ཆ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2018ལོའི་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་གི2019ལོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཞོན་གྱིས་བསྟན་དོན། ལོ་གསར་བའི་ནང་ཨུ་ཡོན་ཚོས་འགན་འཁྲི་ལག་བསྟར་བྱེད་ན། ཐོག་མར་སློབ་སྦྱོང་ལ་ཤུགས་བསྣན་ས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། གཞུང་ལུགས་ཀྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་དགོས། རང་སྟེང་གི་རིག་གནས་བྱང་ཚད་མཐོར་འདེགས་གཏོང་བ་དང་། ཨུ་ཡོན་གྱི་ཆེད་ལས་རང་བཞིན་མངོན་པར་བྱེད་པ། ལོ་རྒྱུས་ཀྱི་མིག་རྒྱ་བཀོལ་ནས་གནད་དོན་ལ་ལྟ་བའི་ནུས་པ་མཐོར་འདེགས་བྱེད་པ་དང་དངོས་གཙོ་རིང་ལུགས་ཀྱི་མིག་རྒྱར་བརྟེན་ནས་གནད་དོན་ལ་ཞིབ་འཇུག་བྱེད་དགོས། དུས་རབས་ཀྱི་སྙིང་སྟོབས་ལྡན་པར་བྱེད་པ་དང་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་པ། དུས་རབས་ཀྱི་རེ་བ་མངོན་པར་བྱས་ཏེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་བ་དང་འགན་འཁྲི་གསར་བ་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ཝང་ཞོན་གྱིས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱིས་འགན་ནུས་བསྒྲུབ་པའི་གཙོ་གཞི་ནི་ཨུ་ཡོན་ཡིན་པ་དང་། གསོན་ཤུགས་ཨུ་ཡོན་གྱི་སྟེང་དུ་ཡོད་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་གི2019ལོའི་བྱ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ན། གནད་འགག་ཨུ་ཡོན་རེ་རེའི་བློ་གྲོས་གཅིག་ཏུ་བསྡུ་རྒྱུར་ཐུག་ཡོད་པས། ཨུ་ཡོན་ཚོས་དུས་ལྟར་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཨུ་ཡོན་གྱི་གཙོ་གཞི་ནུས་པ་འདོན་སྤེལ་བྱེད་པ་དང་། རང་འགན་བྱ་བ་དང་ཨུ་ཡོན་བྱ་བའི་བར་གྱི་འབྲེལ་བར་ཐག་གཅོད་བཟང་བོ་བྱེད་པ། བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས་གསར་གཏོད་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་གྲོས་མོལ་ལམ་བུ་གེགས་མེད་དུ་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱེད་དགོས། ལོ་གསར་བའི་ནང་། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་འགན་ནུས་ལེགས་སྒྲིག་བྱེད་པ་དང་ལས་སྒོའི་ཚད་ཇེ་མང་དུ་གཏོང་བའི་ཞོར་དུ། བྱ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།