གངས་སྐྱོན་ལ་བརྩེ་བ་མེད་ཀྱང་མི་ཡུལ་གྱི་དྲོད་ཁོལ་ལ་འཛད་མཐའ་མེད།

གནོད་ཐེབས་མང་ཚོགས་ཀྱིས་གཟན་རྩྭ་ལས་སྣོན་བྱེད་བཞིན་ཕྱུགས་ཟོག་ལ་སྟེར་བཞིན་པ།

དྲག་ཆས་དཔོན་དམག་གིས་དཀའ་གནས་སུ་གྱུར་བའི་རླངས་འཁོར་ཕྱིར་འཐེན་བྱེད་བཞིན་པ།

གནོད་ཐེབས་མང་ཚོགས་ཀྱིས་རང་འགུལ་ངང་སྲིད་གཞུང་གིས་རྩིས་སྤྲོད་བྱས་པའི་གཟན་རྩྭ་ལེན་བཞིན་པ།

ས་གནས་དེས་ཏང་ཡོན་ལས་བྱེད་པས་གཟན་རྩྭ་སྟེར་བའི་གནས་ཚུལ་གྲོས་བསྡུར་བྱེད་བཞིན་པ།

འགྲུལ་ལམ་ཤར་གཏོང་བྱེད་པར་ནར་འགྱངས་ཡུད་ཙམ་བྱེད་མི་རུང་། 

གངས་སྐྱོན་ལ་བརྩེ་བ་མེད་ཅིང་ཉེན་རྟོག་པས་དྲོད་ཁོལ་སྦྱིན།

ཁ་བའི་ཁྲོད་དུ་གཟན་རྩྭ་ལེན་བཞིན་པ།

གནོད་ཐེབས་འབྲོག་མིར་གཟན་རྩྭ་བཀོལ་སྤྱོད་ཐད་ཀྱི་རྒྱུན་ཤེས་བཤད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཟླ12པ་ནས་ད་ལྟའི་བར་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མངའ་ཁོངས་སུ་ཁ་བ་ཆེན་པོ་ཐེངས་བཅུ་ལ་བབས་པའི་གནམ་གཤིས་རྒྱུན་འཁྱོངས་བྱས་པ་དང་། དེ་ལས་གྲོང་ཁྱེར་ཡོངས་ཀྱི་རྫོང5ཡི་ཞང་གྲོང28ཀྱི་སྡེ་བ99ལ་གནས་ཚུལ་མི་འདྲ་བའི་གངས་སྐྱོན་བྱུང་། དེའི་ཁྲོད་རྫ་སྟོད་རྫོང་གི་གངས་སྐྱོན་ཧ་ཅང་ཚབས་ཆེན་ཡིན་ཞིང་། གནོད་འཚེ་ཆེས་ཚབས་ཆེན་ཡིན་པའི་ཤང་གྲོང་ལ་ད་དུང་རྫ་ཆེན་ཞང་དང་། སྨུག་གཞུང་ཞང་། རྣམ་སྲས་ཞང་དང་འབྲི་སྟོད་རྫོང་གི་སྟོད་ཚེ་ཞང་སོགས་ཡོད། འབྲི་སྟོད་རྫོང་གི་སྡོམ་མདའ་གྲོང་རྡལ་གྱི་གངས་སྐྱོན་ཧ་ཅང་ཚབས་ཆེན་ཡིན་ཞིང་། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་ཡིན་པའི་ཞང་གྲོང་ལ་སྡོམ་མདའ་གྲོང་རྡལ་དང་། དྲན་ཆེན་གྲོང་རྡལ། རྫ་སྟོད་ཞང་། སྒ་སྟོད་ཞང་བཅས་ཡོད། ཆུ་དམར་ལེབ་རྫོང་དང་ཡུལ་ཤུལ་གྲོང་ཁྱེར་གྱི་ཞང་གྲོང་སྐོར་ཞིག་ཏུ་གངས་སྐྱོན་ཅུང་ཙམ་ཡང་ན་འབྲིང་ཙམ་བྱུང་ཡོད། ཐེངས་འདིའི་གངས་སྐྱོན་གྱིས་འབྲོག་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཟོས་ཡོད། ཐོལ་བྱུང་གི་གནོད་འཚེའི་མདུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་དང་དོ་ཁུར་གནང་སྟེ། རྒྱལ་ཁབ་འཚུབ་བསྟུན་དོ་དམ་པུའུ་ཡི་རིམ་པ་བཞི་པའི་གེགས་སེལ་འཚུབ་བསྟུན་དང་ལེན་བྱེད་འགོ་ཚུགས་པ་དང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ། གནོད་འགོག་ཕྱུགས་སྲུང་དང་། ཞོར་ཐོན་གནོད་འཚེ་སྔོན་འགོག་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་པར་བཀོད་སྒྲིག་ཞིབ་མོ་གནང་སྟེ། རིམ་པ་སོ་སོའི་དོ་དམ་ལས་ཁུངས་ཀྱིས་མདུན་གྲལ་དུ་བཀོད་འདོམས་བྱས་ཏེ་རོགས་སྐྱོབ་ལས་དོན་ནན་ཏན་སྒོས་བཀོད་སྒྲིག་བྱེད་བཞིན་ཡོད། 

ཡུལ་ཤུལ་གྱི་རིམ་པ་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཡུལ་ཤུལ་གྱི་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཏང་སྲིད་ཀྱི་འགོ་ཁྲིད་དང་པོ་ཙུའུ་ཀྲང་གཉིས་ཡིན་པའི་གནོད་འགོག་གེགས་སེལ་ལས་དོན་འཚུབ་བསྟུན་བཀོད་འདོམས་པུའུ་བཙུགས་ཏེ། ལས་བྱེད་པ་མི་ཐེངས8719དང་། ཡུལ་དམག་དང་རྩྭ་ཐང་བདག་སྐྱོང་པའི་ལས་བྱེད་པ2000ལྷག་སྐུལ་སློང་བྱས་ཏེ་དངོས་སྡོད་འགན་འཁྲིའི་ལམ་ལུགས་དང་། གེགས་སེལ་ལས་འགན་ལས་བགོས་འགན་འཁྲིའི་ལམ་ལུགས་བེད་སྤྱད་དེ། ཧུར་བརྩོན་གྱིས་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱས་ཏེ། ཧུར་ཐག་གིས་ཕྱུགས་རིགས་གནས་སྤོ་དང་། ཁ་བ་གཙང་སེལ། གཟན་ཆས་སྐྱེལ་འདྲེན། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅས་ཀྱི་བྱ་བའི་ཁྲོད་ཞུགས་བཞིན་ཡོད། 

ཡུལ་ཤུལ་གངས་སྐྱོན་གནོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་ལོ་སར་རོལ་བར་ཁག་ཐེག་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། མིག་སྔའི་བར་དུ་ཡུལ་ཤུལ་གནོད་ཁུལ་གྱི་གེགས་སེལ་ལས་དོན་གོ་རིམ་དང་ཕན་ནུས་ལྡན་པའི་ངང་ནས་སྤེལ་བཞིན་ཡོད། སྤྱི་ཡོངས་ཀྱི་གནོད་འཚེའི་གནས་ཚུལ་ཚོད་འཛིན་ཐུབ་པའི་གནས་སུ་གྱུར་བ་དང་། གཟན་རྩྭ་དང་གཟན་ཆག་གསོག་འཇོག་གནོན་ཤུགས་ཆུང་དུ་བཏང་། ཕྱུགས་ཟོག་གི་འགན་བཅོལ་གུན་གསབ་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བཞིན་ཡོད་དེ། མི་སྣར་ཤི་རྨས་བྱུང་མེད་ལ། གེགས་སེལ་ཕྱུགས་སྲུང་ལས་དོན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།