མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། དཔུང་སྡེ་འཛུགས་སྐྲུན་ལ་སྦྱོང་བརྡར་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་སྲིད་ཁྲིམས་བྱ་བར་རྣམ་པ་གསར་བ་བཏོད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་ཀྱི་བདེ་སྡོད་བཅས་ལ་སྲུང་སྐྱོབ་བྱས་ཏེ་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་གྱིས། དུས་རབས་གསར་བའི་སྲིད་ཁྲིམས་བྱ་བའི་འོས་འགན་དང་སྤྱིའི་བསམ་ཕྱོགས། གནད་སའི་བྱ་བ་བཅས་སྒྲོག་འགྲེལ་གསལ་བོ་བྱས་ཡོད་ཅིང་། དེ་ནི་དུས་རབས་གསར་བའི་སྲིད་ཁྲིམས་བྱ་བ་བཟང་བོར་བསྒྲུབ་པའི་ལག་ལེན་རྩ་འཛིན་དང་གཞི་རྩའི་བསྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲས་ནས། གནས་ཐིག་གསར་བ་ཡང་དག་པའི་སྒོ་ནས་འཚོལ་དགོས་ཤིང་། བྱ་བའི་མིག་རྒྱང་རང་བཞིན་དང་རང་རྟོགས་རང་བཞིན། སྔོན་དཔག་རང་བཞིན་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་ནས། ཕན་འབྲས་ལྡན་པའི་སྒོ་ནས་ཏང་དང་མི་དམངས་ཀྱིས་བསྩལ་བའི་འོས་འགན་ལག་བསྟར་བཟང་བོ་བྱེད་དགོས། ཆོད་གཏམ་གསར་བར་གོ་བ་ཡང་དག་ལེན་པ་དང་ཁ་གཏད་གཞལ་བའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བ། བྱ་བའི་རང་རྟོགས་དབང་ཆ་དང་རྒྱལ་ཁ་ལེན་ཐུབ་པའི་དབང་ཆར་གོ་བ་ནན་མོ་ལེན་པ་སོགས་ལ་འབད་དེ། སྲིད་ཁྲིམས་བྱ་བར་རྣམ་པ་གསར་བ་བཏོད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་བྱ་བར་སྤྱི་སྡོམ་བྱས་པ་དང་། ད་ལོའི་སྲིད་ཁྲིམས་བྱ་བར་བཀོད་སྒྲིག་ཞིབ་ཕྲ་བྱས། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་ལས་དོན་དངོས་འབེབས་མཐར་ཕྱིན་ཡོང་བར་བླང་བྱ་བཏོན། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔའ་རྒོད་ཀྱི་དཔེ་སྟོན་དང་སྔོན་ཐོན་ཚོགས་པ། སྔོན་ཐོན་པ་བཅས་ལ་གཟེངས་བསྟོད་བྱས།

ཡུས་ཚུང་ལི་དང་ཁྲིན་མེན་ཀོ མིན་ཡུང་ཧྲན། ལིས་ཙའེ་ཡོན་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།