མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ཁྱམས་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་ནས་མཚོ་ཤར་གྲོང་ཁྱེར་ས་འོག་ཕྱོགས་བསྡུས་སྦུག་ཁྱམས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་མུ་མཐུད་སྤེལ་བར་རོགས་སྐྱོར་བྱས།

ཚོད་ལྟ་བྱེད་འགོ་བརྩམས་པ་ནས་བཟུང་།  ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ནས། སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་ས་འོག་ཕྱོགས་བསྡུས་སྦུག་ཁྱམས་འཛུགས་པར་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་ནས་ཚོད་ལྟ་ཁུལ་གྱི་བྱ་བ་བརྟན་འཇགས་ངང་སྤེལ་བར་ཁག་ཐེག་བྱས།  མ་དངུལ་འབོར་ཆེན་བཏང་བས་རྣམ་གྲངས་ཁག་སོ་སོ་བདེ་ལེགས་ངང་ལག་བསྟར་བྱས་པ་དང་།  གཞུང་ལམ་ཐེངས་མང་བརྐོ་བའི་སྐྱོན་ཆར་གཡོལ་ཐབས་བྱས་པས་ས་འོག་བར་སྟོང་བཀོལ་སྤྱོད་ལ་ཕན་པ་ལེགས་པོ་བསྐྲུན་ཡོད་ལ།  མཚོ་ཤར་གྲོང་ཁྱེར་གྱི་གྲོན་ཆུང་བྱེད་ཐབས་ལ་མངོན་གསལ་གྱི་ནུས་པ་ཐོན།  གྲོང་ཁྱེར་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱས་པ་དང་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐངས་པ་མ་ཟད།  མཚོ་ཤར་གྲོང་ཁྱེར་གྱི་དཔེ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།