ཚན་རྩལ་གསར་གཏོད་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱིས་ཚན་རྩལ་ལས་གཞིའི་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་ལག་རྩལ་གནད་དོན་ཐག་བཅོད་བྱས་པ་དང་ཐོག་མའི་གསར་རྩོམ་རང་བཞིན་གྱི་ཐོལ་བརྒལ་བྱུང་། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་ཅུའི་རིང་ཚན་རྩལ་གསར་གཏོད་ཀྱིས་རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་བར་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། སྨན་བཅོས་སྐྱེ་དངོས།  ཁྱད་ལྡན་ཞིང་ལས་དང་སྐྱེ་ཁམས་དཔལ་ཡོན།  གནད་ཕིགས་དབུལ་སྐྱོར་དང་ལས་རིགས་གསར་གཏོད།  རྒྱལ་སྤྱིའི་མཉམ་འབྲེལ་སོགས་ཀྱི་ཁྱབ་ཁོངས་ནས་གྲུབ་འབྲས་ཐོབ།  ཁྱད་ལྡན་ཐོན་ཁོངས་གཞི་རྩ་བྱས་ཏེ་ཐོན་རྫས་མ་ལག་ཅིག་གྲུབ་པ་དང་རིགས་རྫས་དང་ལག་རྩལ།  སྒྲིག་ཆས་བཅས་ཟུང་འབྲེལ་དམ་ཚགས་བྱས་པ་བརྒྱུད། ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དང་ཚོང་རྟགས་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས།

ཚན་རྩལ་སྒྲིལ་སྲོལ་བཅོས་བསྒྱུར་ཁྲོད། མཚོ་སྔོན་གྱིས་ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་སྒོ་འབྱེད་བྱས་ནས་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ཧུར་ཐག་གིས་བསྟུན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།