ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ་སངས་རྒྱས་རྒྱལ་དང་པདྨ་གཉིས་ལ་འཚམས་འདྲི་བྱས་ཏེ། ཁོ་གཉིས་ལ་ལུགས་རྙིངལོ་སར་གྱི་ཁ་གཡང་དྲོན་མོ་བོས།
འཚམས་འདྲིའི་ཁྲོད་དུ། ཝང་ཅན་ཅུན་དང་ལིག་ཉིང་གིས་སངས་རྒྱས་རྒྱལ་དང་པདྨ་གཉིས་ཀྱི་འབྱུང་གཞི་བདེ་ཐང་དང་འཚོ་བའི་གནས་ཚུལ་ལ་སེམས་ཁུར་ཡོད་པའི་སྒོ་ནས་འདྲི་རྩད་བྱས་པར་མ་ཟད། ཁོ་གཉིས་ཀྱིས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ལས་དོན་ལ་བཞག་པའི་བྱས་རྗེས་གལ་ཆེན་དང་རྨང་གཞི་བརྟན་པོ་བཏིངས་པར་བཀའ་དྲིན་ཞུས་པ་ལས་གཞན། བློ་མཐུན་རྒན་པ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བར་བཏོན་པའི་བསམ་འཆར་ལ་ཞིབ་ཉན་བྱས།
ཝང་ཅན་ཅུན་དང་ལིག་ཉིང་གིས་བཤད་རྒྱུར། ལས་བྱེད་པ་རྒན་པ་ནི་མཚོ་སྔོན་འཛུགས་སྐྲུན་གྱི་ཟབ་ཞུགས་པ་དང་དཔང་པོ་ཡིན་པས། གཅེས་ནོར་རྩ་ཆེན་ཡིན། རེ་བ་ཡིན་ན་བློ་མཐུན་རྒན་པས་ལུས་ཕུང་བདེ་ཐང་ལ་དོ་སྣང་དང་། སྤྲོ་སེམས་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་རིམ་ཁག་སོ་སོའི་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་སྟེ། ང་ཚོའི་ལས་དོན་ཚང་མ་སྔར་ལས་འཕེལ་རྒྱས་ལེགས་པོ་འབྱུང་བར་རོགས་འདེགས་བྱེད་དགོས་ཟེར། ཡུས་ཚུང་ལི་ཡིས་འཚམས་འདྲི་བྱེད་རོགས་བྱས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝང་ཅན་ཅུན་དང་ལིག་ཉིང་གིས་སངས་རྒྱས་རྒྱལ་དང་པདྨ་གཉིས་ལ་འཚམས་འདྲི་བྱས།