ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་སོ་གཅིག་ཉིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།  གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་གསུམ་ཡོད་པ་དང་།  ཁོངས་མི་རེ་གཉིས་ཚོགས་ཐོག་ཏུ་འབྱོར་བས།  ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རུང་།    མཱ་ཝེ།   ཉི་མ་སྒྲོལ་མ།  ཉིའོ་ཁྲིན་ཡུན།   ཝུའུ་ཧེ་ཁུན།   ལིག་ཐུང་ཏི།  ཀྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཝུའུ་ཧེ་ཁུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།   གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གཉིས་ཡོད་དེ།  གཅིག་ནི་འདེམ་སྒུག་མི་སྣ་དང་གདམ་མིའི་མིང་ཐོའི་འཆར་ཟིན་ལ་དངོས་སུ་གྲོས་འཆམ་འབྱུང་བ་དང་།   ཚོགས་ཆེན་ལ་འདེམ་བསྐོ་དང་གྲོས་འཆམ་འབྱུང་བར་སྤྲོད་རྒྱུ།   གཉིས་ནི་བྱ་བའི་སྙན་ཞུ་སོ་སོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་དང་།  ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ་གཉིས་ཡིན།

གྲོས་ཚོགས་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་གཉིས་ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།